text
stringlengths 16
998
|
---|
ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་ཐོར་བུ། |
པོད་༢༧དབང་སྡུད་འདོད་རྒྱལ་གྱི་མན་ངག་གི་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་འདེབས་པདྨ་ར་གའི་ཆུན་པོ། ། དབང་སྡུད་འདོད་རྒྱལ་གྱི་མན་ངག་གི་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་འདེབས་པདྨ་ར་གའི་ཆུན་པོ་བཞུགས་སོ། |
ཨོཾ་སྭསྟི་སིདྡྷཾ། |
དཔལ་མཆོག་དམ་པ་རྗེ་བཙུན་རྡོ་རྗེ་ཆོས། |
ཤེས་རབ་ཡུམ་ཆེན་བདེ་བ་རྒྱས་བྱེད་མ། |
འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ཛེ་ཏ་རི། |
གྲུབ་པའི་དབང་ཕྱུག་རོལ་པའི་རྡོ་རྗེའི་ཞབས། |
གསོལ་བ་འདེབས་སོ་དབང་གི་དངོས་གྲུབ་སྩོལ། |
པཎ་ཆེན་ཏ་ཐཱ་ག་ཏ་རཀྵི་ཏ། |
འཕགས་ཡུལ་མཁས་པ་བཛྲ་ཀུ་ཤཱ་ལ། |
དེ་སྲས་ཐུ་བོ་མ་ཧཱ་ཋ་བི་ར། |
སྐད་གཉིས་སྨྲ་བའི་དབང་པོ་རིན་ཆེན་གྲགས། |
གངས་ཅན་བསྟན་པའི་རྩ་ལག་ས་སྐྱ་པ། |
མཁས་མང་རྩེར་སོན་སློབ་དཔོན་རིན་པོ་ཆེ། |
གྲུབ་པའི་འཁོར་ལོས་བསྒྱུར་བ་གྲགས་པའི་མཚན། |
མངའ་རིག་མཐར་ཕྱིན་པཎ་ཆེན་ཨ་ནནྟ། |
ས་སྐྱོང་གཙུག་གིས་མཆོད་པ་ཆོས་ཀྱི་རྒྱལ། |
སྙན་བརྒྱུད་གདམས་པའི་གཏེར་མཛོད་དེ་སྟོན་པ། |
ལུང་རིག་མན་ངག་སྨྲ་བའི་ཆོས་དབང་ཞབས། |
མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཡོན་ཏན་ཁྲི། |
ཟབ་མོའི་དོན་གཟིགས་དྲིན་ཅན་སེང་གེ་བཟང་། |
རྒྱུད་སྡེའི་མངའ་བདག་མཁས་གྲུབ་སེང་རྒྱལ་བ། |
བསོད་ནམས་ཡེ་ཤེས་མཐར་སོན་རྒྱལ་བ་མཆོག། |
གྲུབ་པ་མཆོག་བརྙེས་འཇམ་དབྱངས་ནམ་མཁའི་མཚན། |
བདག་ཉིད་ཆེན་པོ་བློ་གྲོས་རྒྱལ་མཚན་ཞབས། |
བཀའ་དྲིན་མཚུངས་མེད་རྗེ་བཙུན་རྡོ་རིངས་པ། |
ཐུགས་སྲས་དམ་པ་ཀུན་དགའ་ལེགས་པའི་ཞབས། |
འཁྲུལ་མེད་གདམས་པའི་གཏེར་ཆེན་ཡབ་སྲས་གཉིས། |
ལྷུན་གྲུབ་ཡེ་ཤེས་བདེ་ཆེན་ལང་ཚོའི་གར། |
དབང་བྱེད་ཆགས་པའི་སིནྡྷུར་ཆུ་མཚོ་ཤར། |
གང་དེའི་ཡིད་འཕྲོག་ཀཱ་ལ་རཱ་ཛཱ་ཞེས། |
མ་ལུས་མཁའ་འགྲོའི་ཆུ་སྐྱེས་ཏི་བའི་གཞི། |
རྒྱུད་རྒྱལ་པདྨ་རཱ་གའི་འདབ་རྒྱས་ལས། |
བྱུང་བའི་ཟབ་དོན་གེ་སར་སྙིང་པོ་འདི། |
འཁྲུལ་མེད་ཉམས་ལེན་ཉི་གཞོན་གྱིས་བསྐྱངས་པས། |
ཁམས་གསུམ་བུང་བ་འདོད་དགུའི་དབང་བྱེད་ཤོག། |
ཅེས་དབང་སྡུད་འདོད་པའི་རྒྱལ་པོའི་མན་ངག་ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་བ་འདེབས་པ་པདྨ་ར་གའི་ཆུན་པོ་ཞེས་བྱ་བ་འདི་ནི་སྙན་བརྒྱུད་འཛིན་པའི་བཙུན་པ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རི་ཁྲོད་ཞུ་ལུང་མཚོ་ཁའི་དགའ་ལྡན་རྩེའི་གཙུག་ལག་ཁང་དུ་སརྦ་ཝརྞ། |
ཚར་ཆེན་བློ་གསལ་རྒྱ་མཚོ། |
ཐུན་མོང་མ་ཡིན་པའི་བླ་མ་དམ་པར་གསོལ་འདེབས་པདྨར་གའི་ཆུན་པོ། |
བརྩམས་ཆོས་འདི་ནི་བདག་དབང་གི་དུས་ཚོད་ཡོལ་ཏེ་སྤྱི་སྤྱོད་ཁྱབ་ཁོངས་སུ་ཚུད་ཡོད་ཅིང་ཐུན་མོང་ལ་དབང་བས་ན། |
ཁྱེད་ཀྱིས་ཡིག་ཆ་འདི་པར་བཤུས་བྱེད་པ་དང་། |
བཟོ་བཅོས་གཏོང་བ། |
གཞན་ལ་བཀྲམས་པ། |
ཚོང་བསྒྱུར་བྱེད་པ། |
དེ་བཞིན་ཡིག་ཆ་འདི་ལ་གཞིར་བཞག་ནས་བརྙན་འཕྲིན་ཕབ་པ་དང་འཁྲབ་སྟོན་སོགས་གང་བྱེད་ཀྱང་ཆོག་མཆན་གང་ཡང་མི་དགོས་པར་སོ་སོའི་འདོད་མོས་ལྟར་དུས་དང་རྣམ་པ་ཀུན་ཏུ་རིན་མེད་ངང་དེ་དག་ལ་ལོངས་སུ་སྤྱོད་ཆོགརབ་བྱུང་ན་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་སྐབས་ཡིག་ཆའི་ཡོང་ཁུངས་ངེད་ཚོགས་པའི་མིང་འགོད་རྒྱུ་མ་བརྗེད་རོགས། |
ཁྲིམས་ཐོག་ནས་བྱེད་དགོས་པའི་བཀའ་རྒྱ་གང་ཡང་མེད། |
གོང་བཀོད་ལྟར་ངེད་ཚོགས་པས་ཡིག་ཆ་འདི་བདག་དབང་མེད་པར་ར་སྤྲོད་བྱས་ཡོད་ཀྱང་། |
ར་སྤྲོད་དེ་ནི་ཁྲིམས་ཀྱི་ཐོག་ཏུ་འཁྱེར་ཐུབ་པ་ཞིག་མེད་པས། |
ཡིག་ཆ་འདིའི་བདག་དབང་ཁྱེད་ལ་ཡོད་ན་ང་ཚོར་དྲ་བྱང་འདིའི་ཐོག་ནས་འབྲེལ་བ་གནང་རོགས། |
ཞིབ་ཕྲ་མཁྱེན་འདོད་ཚེ་གཤམ་གསལ་དྲ་བྱང་བརྒྱུད་ང་ཚོའི་དྲ་ཚིགས་ཀྱི་སྒྲིག་གཞིའི་ཡིག་ཆ་ལ་གཟིགས་རོགས། |
། བསམ་ཡས་ལྕོག་གྲྭའི་བཅའ་ཡིག་བཞུགས་སོ། |
ན་མོ་གུ་རུ་བཛྲ་དྷཱ་ར་ཨཱ་ནན་ཏ་རཏྣ་ཡེ། |
རིགས་སྔགས་ཟབ་མོའི་བླ་གོས་མཛེས་འཆང་མན་ངག་ནོར་བུ་དབང་གི་ཏོག། |
འགྲོ་ཀུན་དགའ་བའི་བསོད་ནམས་མི་ནུབ་རིན་ཆེན་ཡུ་བ་རབ་ཏུ་བརྟན། |
རབ་སྙན་གྲགས་པའི་གཟི་བྱིན་སྟོང་འབར་མི་མཐུན་བདུད་ལས་རྣམ་རྒྱལ་བའི། |
དགེ་མཚན་མངོན་མཐོ་དཔལ་ཡོན་བཟང་པོས་འགྲོ་འདིར་ཕན་བདེའི་དགེ་ལེགས་སྩོལ། |
ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་། |
དབྱེར་མ་མཆིས་པའི་རང་གི་དྲིན་ཆེན་རྩ་བའི་བླ་མ་ལ་མཆོད་བརྗོད་དང་འདོད་གསོལ་གྱི་ཚིག་སྤེལ་བའི་སྒོ་ནས་གསོལ་བ་བཏབ་སྟེ། |
འདིར་གླེང་བར་བྱ་བ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འཁོར་དང་བཅས་པ་འདི་བོད་ལ་བཀའ་དྲིན་ཆེ་བའི་མཁན་སློབ་ཆོས་གསུམ་གྱི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པ་ལྟ་བུར་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ་རབ་གནས་མངའ་གསོལ་གྱི་བྱིན་གྱིས་བརླབས་ནས་མདོ་སྔགས་ཀྱི་བཤད་སྒྲུབ་དབྱར་མཚོ་ལྟ་བུ་འཕེལ་བ་ལ། |
བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཅིག་གིས་ཞབས་ཏོག་བླ་ལྷག་ཏུ་མཛད་ཅིང་། |
ཁྱད་པར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆོས་རྗེ་བླ་མ་དམ་པ་སོགས་རྗེ་བཙུན་ས་སྐྱ་པའི་གདུང་རྒྱུད་འཁྲུལ་པ་མེད་པ་དུ་མས་ཀྱང་དགོན་གནས་སྡེ་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་། |
དུས་ཀྱི་དབང་གིས་གཟན་ཡང་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་འདི་ཉིད་འཇིག་ལ་ཉེ་བའི་ཚེ་སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་བསམ་ཡས་ཀྱི་སྡེ་དཔོན་དུ་མ་དང་གཙུག་ལག་སྐྱོང་བའི་རྒྱལ་པོ་ཤིང་བྱ་ཅན། |
འཕྲིན་ལས་མགོན་པོ་ཙིའུ་དམར་པོ་སོགས་གནས་གཞི་སྐྱོང་བ་རྣམས་ཀྱིས་ཁོག་ཏུ་བརླམས་པ་དང་མངོན་སུམ་དུ་འོངས་ཏེ་ཉམས་གསོ་གསར་བཞེངས་ལྟ་བུ་གནང་དགོས་ཞེས་ལན་གཅིག་མ་ཡིན་པར་ཡང་ཡང་གསོལ་བ་བཏབ་པ་ལ་བརྟེན་ནས་དབུ་རྩེ་རིགས་གསུམ་གྱི་ཉམས་གསོ་དགོས་པ་མཐའ་དག་ཚགས་སུ་ཆུད་པར་མཛད་དེ། |
བསམ་ཡས་མངའ་ཞབས་རྣམས་ལ་ངོ་སྐལ་དུ་གྱུར་པ་རྣམས་དགེ་ཚུལ་དགེ་སློང་གི་སྡོམ་པ་རྣམ་པར་དག་པས་རྒྱུད་ཕྱུག་པར་མཛད་ནས། |
བཤད་གྲྭ་དཔལ་ས་སྐྱའི་ཐུབ་བསྟན་ལྷ་ཁང་ཆེན་མོ་བཞིན་དང་། |
སྔགས་གྲྭ་གསང་སྔགས་བདེ་ཆེན་གླིང་གི་ཆོས་གྲྭ་ཆེན་པོ་བཞིན་འཛུགས་པར་མཛད་ནས། |
དེ་དག་གི་ཐད་འདོམས་སུ་བཀའི་བཅའ་ཡིག་རིན་པོ་ཆེ་སླད་ཀྱི་འཕྲོ་ཅན་ལྟ་བུ་ཞིག་བརྩམས་པར་མཛད་པ་ལ། |
དེ་ཁའི་མུ་མཐུད་སྔགས་འཆང་རྒྱལ་བའི་ཚབ་ཉིད་ཀྱི་ཐུགས་སྲས་འཇམ་དབྱངས་སྐུ་མཆེད་དང་། |
འཇམ་མགོན་ཨ་མེས་ཞབས། |
ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ། |
གནོད་སྦྱིན་ཙིའུ་དམར་པོ། |
སྟག་རྩེ་སྡེ་སྲིད་བཅས་ཀྱིས་བཅའ་ཡིག་རིམ་ཅན་དུ་བརྩམས་པར་མཛད་པ་ལ་བརྟེན་ནས། |
རབ་བྱུང་བ་རྣམས་ཀྱི་སྒྲིག་སྲོལ་ཀུན་སྤྱོད་ལ་ཕྲན་བུ་མ་གཏོགས་དེ་ཙམ་གྱི་འགལ་ཆ་ཆེར་མི་འདུག་ཅིང་། |
ལྕོག་འདི་ལ་སྔོན་སྔགས་འཆང་ཆེན་པོས་ཉམས་གསོ་མཛད་སྐབས། |
རེ་ཞིག་ཆོས་སྐྱོང་འཁོར་བཅས་ཧས་པོ་རིའི་རྒྱབ་ཀྱི་ཐང་ལ་བཞུགས་སྒར་མཛད་ནས་བཞུགས་པར་གྲགས་ཤིང་ཉམས་གསོའི་སྐབས་ཆོས་སྐྱོང་དུས་ཐོགས་ལ་མ་ཕེབས་པ་སླར་ཁོག་ཞུགས་དང་བསྟུན་སྔགས་འཆང་ཉིད་ཀྱིས་འགྲམ་ལྕག་གིས་བསྣུན་པ་སོགས་དྲག་ཤུལ་གྱི་སྒོ་ནས་བཀའ་བསྒོ་མཛད་ཅིང་སྡིག་ཁྲབ་ཉམས་གསོའི་སྐབས་དངོས་སུ་འགུལ་བ་ལ་ཕྱག་ནས་ཀྱི་སྒོ་ནས་རྩུབ་འགྱུར་ཞི་བར་མཛད་པ་སོགས། |
མདོར་ན་ཐོག་མཐའ་བར་གསུམ་གྱི་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་བར་ཡོད་ཀྱང་རྟོགས་བརྗོད་ངོ་མཚར་རྒྱ་མཚོ་ལས་རྟོགས་པར་བྱ་བ་ལས་འདིར་འབྲི་བར་ག་ལ་ནུས། |
གང་ལྟར་ཡང་ལྕོག་ཕྱི་ནང་གསང་གསུམ་ལ་ཉམས་གསོ་བླ་ན་མེད་པ་དང་། |
དེར་བཞུགས་སྐུ་རྟེན་པ། |
མཁན་ཚང་རབ་འབྱམས་པ། |
ལྕོག་པ་བྱིངས་བཅས་ལའང་སྔགས་འཆང་ཉིད་ཀྱིས་བཀའ་བཀོད། |
སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་། |
ས་སྐྱའི་རྗེ་བཙུན་རྣམས་ཀྱི་བཞེད་གཞུང་དྲི་མ་མེད་པར་སྐྱོང་དགོས་པ་བཞིན་ལ། |
འཇམ་དབྱངས་སྐུ་མཆེད། |
སྒར་ཆེན་རིན་པོ་ཆེ། |
ཨ་མེས་ཞབས་ཡབ་སྲས་སོགས་རིམ་ཅན་གྱིས་ཀྱང་ལྕོག་གི་ལར་རྒྱ་མཐའ་དག་སྔགས་འཆང་ཆེན་པོའི་དགོངས་པ་བཞིན་དགོས་པའི་བཀའ་བཀོད་མཛད་པར་སྐུ་རྟེན་ལྷ་བདག་སོགས་ཚང་མ་ནས་ཐག་པ་ཁུར་བླངས་ཞུ་མུས་ཡིན་ཡང་། |
ཕྱིས་སུ་རྟེན་འབྲེལ་གྱི་ཆོས་ཉིད་གང་ཡིན་ཡང་རུང་ངོས་ཀྱི་མེས་པོ་སྔགས་འཆང་ཀུན་དགའ་བཀྲ་ཤིས་རྗེས་མ་ཕེབས་སྐབས་ཀྱང་། |
སྐུ་རྟེན་པ་ལ་ཐུགས་མ་སོང་བ་ལྟ་བུས་ཆོས་སྐྱོང་སྤྱན་འདྲེན་ཡང་མ་མཛད་ཅིང་། |
ཡབ་རྗེ་རྡོ་རྗེ་འཆང་སྐུ་ན་ཕྲ་མོའི་སྐབས་བསམ་ཡས་སུ་ཕེབས་ཚེའང་འདི་ཡིན་ཇི་ལྟ་བ་ཞིག་མ་བྱུང་འདུག་ཅིང་། |
དེ་ནས་མ་འགྱངས་པར་ལྕོག་པ་རྣམས་ཀྱིས་གདངས་དབྱངས་རོལ་འཆམ་གཏོར་མ་སོགས། |
སྔགས་འཆང་ཆེན་པོའི་དགོངས་པ་དང་མི་མཐུན་པ་མང་ཙམ་ཚུགས་འདུག་པའི་སྐྱོན་ཡིན་ནམ། |
ཆོས་སྐྱོང་ལུས་ཁོག་ལ་ཕེབས་པའི་མཛད་སྒོ་བབ་ཆོལ་སྣ་ཚོགས་དང་། |
མཐོ་དམན་བར་གསུམ་ལ་ལུང་ཕེབས་ཀྱི་རིགས་ཀྱང་ཇི་ལྟ་བ་བཞིན་མ་བྱུང་བ་སོགས་སྒོ་དུ་མ་ནས་བསྟན་པ་ཉམས་ཆག་ཆེ་བ་ཞིག་འདུག་པ་བློས་མ་བཟོད་པར་ངེད་རང་མཆེད། རྒྱལ་དབང་མཆོག་གི་སྐུ་མདུན་རིན་པོ་ཆེར་ཞལ་མཇལ་གསུང་ཐོས་ཀྱི་དགའ་སྟོན་ལ་རོལ་སྐབས་གང་ཅིའི་བསྟན་དོན་བློས་མ་ཐོངས་པར་ལྕོག་གི་གནས་ཚུལ་རྣམས་སྙན་དུ་ལྷོན་ངེས་ཞུས་པའི་ཕྱིར་ཕེབས་སུ། |
ལྕོག་ཙམ་དུ་མ་ཟད་དགོན་གནས་གང་དུའང་རང་རང་གི་རྩ་བའི་ཆོས་ལུགས་གང་ཡིན་དེ་མ་འགྱུར་བ་ཞིག་བྱུང་ན་ལྷ་བླ་མའི་དམ་ཚིག་ལ་སེལ་མི་འཇུག་པ་དང་ཆོས་སྐྱོང་གི་འཁུ་ལྡོག་མི་ཡོང་བའི་གནད་ཡིན་འདུག་གསུངས་ཤིང་། |
སླར་བསམ་ཡས་ནས་ཞུ་ཤོག་ཕུལ་བའི་ཕྱིར་ཕེབས་སུ་ཆོས་ལུགས་བསྐོར་ངོས་ཀྱི་གསུང་མོལ་བྱུང་བ་བཞིན། |
ཕྱོགས་དུས་གང་དུ་བཅའ་ཡིག་ཀྱང་རང་རང་སོ་སོའི་ཆོས་ལུགས་སྔར་སྲོལ་གང་ཡོད་བཅའ་སྒྲིག་དང་མཐུན་པར་རང་ལྷ་མི་ཐམས་ཅད་ལ་དགེ་ཞིང་ཤིས་པ་བཅས་དེ་ཕྱོགས་སུ་ཡང་སྔར་སྲོལ་བཅའ་སྒྲིག་དང་མི་མཐུན་པའི་གསར་ལྷད་མཆིས་རིགས་རྣམས་སྔར་སྲོལ་བཟང་པོའི་ཆོས་ལུགས་ལྟར་ཉམས་སུ་བསྟར་དགོས་པའི་གསུང་ཁྱབ་བསྐྱང་ཕྱིན་ལེགས་པ་ཡོང་འདུག་གསུངས་པའི་༧བཀའ་ཤོག་ངོ་མ་ཡིད་ཆེས་མིན་བྱུང་ན་མིག་བརྡར་བྱེད་རྒྱུ་ཡོད་པས། |
དེས་ན་སྤྱིར་༧ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མདོ་རྒྱུད་བསྟན་པ་རིན་པོ་ཆེ་དང་མི་མཐུན་པ་མེད་ཅིང་། |
མཁས་གྲུབ་ཚད་ལྡན་དུ་མས་ཆ་འཇོག་པའི་ཆོས་ལུགས་ཞིག་ཡིན་ན་བླ་མས་གྲུབ་མཐའ་ཆོས་ལུགས་གང་མཛད་ཀྱང་དོན་གྱི་ངོ་བོར་གཅིག་པས་འགལ་བ་མི་འདུག་མོད། |
འོན་ཀྱང་སྔ་སོར་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་ལ་གོང་མ་རྒྱལ་པོས་བོད་ཡུལ་གྱི་ཆོས་ལུགས་ཡོངས་རྫོགས་ས་ལུགས་ཤ་སྟག་ཏུ་མཛད་དགོས་ཞུས་ཀྱང་། |
འཕགས་པ་དུས་གསུམ་མཁྱེན་པ་དེས་༧སངས་རྒྱས་ཀྱི་བསྟན་པ་ཡིན་ཕྱིར་རང་རང་གི་གྲུབ་མཐའ་འདྲེས་མེད་དུ་བསྐྱང་བ་རང་བསྟན་པ་དང་། |
སེམས་ཅན་ལ་ཕན་པ་ཡོང་གསུངས་ནས་གྲུབ་མཐའ་སོ་སོ་དར་ཞིང་རྒྱས་པའི་དགོངས་པ་ཁོ་ན་མཛད་ཅིང་། |
End of preview. Expand
in Dataset Viewer.
Filtered from spsither/tibetan_monolingual_A_meta with the following conditions
max_char_btw_tsak
> 1max_char_btw_tsak
< 9char_len
> 15char_len
< 1000
max_char_btw_tsak
is the max syllable length in a sentence. char_len
is the character length of the sentence
And then deduplicated
This has 18GB of text data, not all of it is clean.
- Downloads last month
- 48