text
stringlengths
1
105k
གངས་རིའི་སྐོར་གྱི་ཆེད་རྩོམ་ཞིག་༡༄༅།། བོད་གངས་ཅན་ལྗོངས་སུ་བོད་མི་ཚོས་གངས་རི་རྣམས་ནི་ཡུལ་ལྷ་གཞི་བདག་གི་བསྟི་གནས་སུ་ངོས་འཛིན་བྱེད་པ་ཡིན།
དཔེར་ན།
ཨ་མདོ་ཁུལ་དུ་ཡོད་པའི་ཨ་མྱེས་རྨ་ཆེན་གངས་རི་ནི་རྨ་ཆེན་སྤོམ་རའི་བསྟི་གནས་སུ་འདོད་ལ།
རྨ་ཆེན་སྤོམ་ར་ནི་ང་རང་སྐྱེས་ཡུལ་ཨ་མདོ་ས་ཁུལ་གྱི་ཡུལ་ལྷ་གཞི་བདག་རྩ་ཆེན་མང་པོའི་ཁྲོད་ཀྱི་གཅིག་ཡིན།
ཨ་མདོ་བ་རྣམས་ཀྱིས་རྨ་ཆེན་སྤོམ་ར་ནི་རང་ཉིད་ཀྱི་སྡོངས་གྲོགས་དམ་པར་བརྩིས་ནས་ལོ་ལྟར་གནས་མཇལ་བ་སྟོང་ཕྲག་མང་པོ་རྩ་ཆེའི་གངས་རི་དེར་འདུས་ནས་གནས་མཇལ་ཞུ་བ་ཡིན།
སྤྱིར་བཏང་བྱས་ན།
གངས་ཅན་པ་ཚོ་རང་ཉིད་ཀྱི་མཐའ་འཁོར་དུ་མུ་ཁྱུད་ལྟར་ཡོད་པའི་གངས་རིའི་རྩེ་མོར་འདེགས་རྒྱུར་དགའ་སྣང་དེ་ཙམ་ཆེན་པོ་མི་བྱེད།
དེ་ནི་གཅིག་བྱས་ན་རྩ་ཆེན་གྱི་ཡུལ་ལྷ་དེ་ཚོའི་བསྟི་གནས་ཡིན་པས་རྐྱེན་གྱིས་ཡིན་ཡང་སྲིད།
ངའི་བསམ་པར་གང་ལྟར་ཡང་དེར་རྒྱུ་མཚན་རྣལ་མ་ཇཞིག་ཡོད་པ་རེད་སྙམ།
བོད་མི་ཕལ་མོ་ཆེ་གངས་རིའི་ཉག་ག་དེ་ཚོར་འགྲོ་བ་ལས་གངས་རིའི་རྩེ་མཐོར་འཛེགས་རྒྱུའི་འདུན་པ་ཆེར་མི་བྱེད།
ལྷ་ས་བ་རྣམས་སྤང་རི་ཆུང་ཆུང་དེ་འདྲའི་རྩེར་འཛེགས་ནས་སྤྲོ་སྐྱིད་གཏོང་ཞོར་དུ་ལྷ་བསངས་གཏོང་བ་དང་།
སྨོན་ལམ་རྒྱག་པ་སོགས་བྱེད་པ་ཡིན།
ང་ཚོ་བོད་མིའི་རྒྱུན་སྲོལ་ལ།
གནས་སྐོར་བ་ཚོས་སྤང་རི་ཆུང་བ་དེ་ཚོ་ལ་ཚད་ཐོག་ཡོད་པའི་རྡོ་ཕུང་ལ་རྡོ་དཀར་ནས་རྡོ་མཆོད་ཀྱི་ཚུལ་དུ་ཕུལ་ནས་སྨོན་ལམ་རྒྱག་པ་དང་དེ་ནས་ཐོན་ཁར་ལྷ་རྒྱལ་ལོ་ཞེས་ཀི་བསོ་འཐེན་པ་དང་།
ཡང་རྡོ་ལ་གསུང་རང་དང་གཟུངས་སྔགས་མ་ཎི་སོགས་བརྐོས་པ་དག་རྡོ་ཕུང་ཐོག་གདན་དྲངས་ཏེ་དེའི་སྟེང་དར་ལྕོག་འཛུགས་པར་བྱེད།
ཕྱི་སྣོད་བཅུད་ལ་བརྩི་མཐོང་བྱེད་པའི་རྒྱུན་སྲོལ་གྱི་ལྟ་སྤྱོད་འདི་ཚོས་ཕྱི་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་ཆེན་པོ་བྱུང་ཡོད།
དབེན་ཞིང་ཉམས་དགའ་བའི་གངས་རིའི་ཁྲོད་ཀྱི་གྲོང་ཚོས་ཀྱང་ཡིད་བདེ་བག་ཕེབས་ཀྱི་སྤྲོ་སྣང་སྟེར་བ་དང་།
གང་སར་བདག་མེད་བྱེས་འཚོའི་སྲོག་ཆགས་སྣ་ཚོགས་བག་ཡངས་ངང་འཚོ་བཞིན་ཡོད།
ལྷག་པར་དུ་དབྱར་དུས་ཕྱུགས་རྫི་བ་ཚོས་གངས་རི་ལྷུན་པོའི་ཁོང་གསེང་ནས་སྐད་གསང་མཐོན་པོའི་གླུ་དབྱངས་བླང་བ་ཏེ།
ཞི་བདེ་དང་རང་དབང་ལ་ལོངས་སུ་སྤྱོད་ཀྱི་ཡོད།
ཡང་ནང་ཆོས་རྣམས་ཀུན་རྫོབ་ཏུ་བདེན་པར་གང་ཡང་།
རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་སྨྲ་བའི་ལྟ་གྲུབ་ཉམས་སུ་ལེན་མཁན་གྱི་སྒོམ་ཆེན་ཚོ་ནི།
རི་རབ་ཀྱི་ཁོང་གསེང་ལ་གནས་ཏེ་བར་སྣང་སྟོང་བའི་དབྱིངས་སུ་གཟིགས་བཞིན་སྒོམ་ལ་ཞུགས་སྐབས་ཉམས་རྟོགས་གོང་དུ་འཕེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད།
རང་བྱུང་ནོར་བཅུད་ཀྱིས་ཕྱུག་པའི་སྣོད་ཀྱི་བང་མཛོད་འདིའི་ཐོག་འབྲོག་པའི་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་དེ་འཚོ་སའི་རྩྭ་ཐང་ཡོད་པ་ལ།
སྨན་པ་ཚོས་ཀྱང་དེ་ནས་སྨན་རྩྭ་སྣ་ཚོགས་བཏུས་ཏེ་གསོ་བྱེད་ཀྱི་སྨན་རིགས་སྣ་ཚོགས་སྡེབ་སྦྱོར་བྱེད།
དེར་བརྟེན་བོད་ཀྱི་གངས་རིའི་ལྷུན་པོ་དེ་དག་ནི་བོད་གངས་ཅན་ལྗོངས་ཀྱི་དཔལ་འབྱོར་ཐད་ཀྱདང་མེད་དུ་མི་རུང་བ་ཞིག་ཡིན།
དེས་བས་གལ་ཆེ་བ་ནི།
བོད་ཀྱི་སྲིད་པའི་གངས་རི་ཆེན་མོ་འདི་རྣམས་ཨེ་ཤ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན།
ཉེ་སྔོན་རྒྱ་གར་གྱི་གླིང་ཕྲན་ཕྱེད་ཀ་དང་།
རྒྱ་ནག་ནང་ཆུ་ལོག་ཆེན་པོ་བྱུང་བའི་རྐྱེན་གཙོ་བོ་ཡང་ངོས་ཀྱི་ཕ་ཡུལ་གངས་ཅན་ལྗོངས་རྒྱ་མིས་བཙན་བཟུང་བྱས་པ་ནས་བཟུ་ཚད་ལས་འདས་པའི་ཤིང་ནགས་གཅོད་འབྲེག་བྱས་པ་དང་།
ཁོར་ཡུག་གཏོར་བརླག་བཏང་བའི་ངན་འབྲས་ཡིན།
ང་རང་ཚོ་གསན་འཆའ་བའི་ཧི་མ་ལ་ཡའི་མཐོ་སྒང་འདིར་བོད་མི་ཚོས་བག་ཕེབས་བདེ་འཇགས་ངང་མི་ཚེ་སྐྱལ་བའི་ཆེད་དུ་ལོ་ངོ་སྟོང་ཕྲག་རིང་ཕྱི་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་།
ནང་སེམས་ཀྱི་རྣམ་གཞག་གཉིས་ལ་རིན་ཐང་ཆེན་པོར་རྩིས་ནས་བརྩི་བཀུར་དང་བདག་སྐྱོང་གཅེས་འཛིན་བྱས་ཡོད།
བོད་ཀྱི་ཁྱིམ་མཚོས་རྒྱལ་ཁབ་ཁག་ནང་ཁོར་ཡུག་གཏོར་སྐྱོན་བྱུང་བའི་སྐབས་སུ་ཡང་།
སྟོན་པ་ཐུགས་རྗེ་ཅན་གྱི་བླ་ན་མེད་པའི་ལྟ་སྤྱོད་སེམས་ཅན་ཐམས་ཅད་ལ་གནོད་འཚེ་སྤོང་ཞིང་སྙིང་ནས་བརྩེ་བ་བྱེད་པའི་བསམ་བློ་འདི་དང་།
བོད་ཀྱི་སྲིད་བའི་གངས་རི་ཆིན་པོ་དེ་ཚོར་སྲུང་སྐྱོབ་བྱུང་བ་ལ་བརྟེན་ནས་གངས་ཅན་ལྗོངས་སུ་འཚོ་ཞིང་གནས་པའི་སྲོག་ཆགས་འབུ་སྲིན་ཕྲ་མི་ཡན་ཆད་ལ་བརྕེ་བཀུར་དང་སྲུང་སྐྱོབ་ཐོབ་ཡོད།
དབག་མེད་བྱེས་འཚོའི་སྲོག་ཆགས་དང་།
ནགས་ཀླུང་སྟུག་པོ།
རྒྱ་ཆེ་བའི་མཚོ།
ཡན་ལག་བརྒྱད་ལྡན་གྱི་ཆུ་བོ།
སྲིད་པའི་གངས་རི་སོགས་རང་བྱུང་གི་བཀོད་པ་དེ་ཚོར་སྲུང་སྐྱོབ་གཅེས་འཛིན་ཇི་ལྟར་ཆད་དམ་བའི་སྐོར་གླེང་ན།
མཐའ་མའི་ཐག་གཅོད་ནི་ནང་སེམས་ལས་འབྱུང་དགོས་པ་ཞིག་ཡིན་པས།
འཛམ་གླིང་འདི་ཙམ་དུ་མ་ཟད།
འདིའི་ནང་འཚོ་བའི་སིམས་ཁུར་ལེན་རྒྱུར་ཚང་མས་འབད་བརྩོན་གནང་དགོས་སྙམ།།
༢ ཕྱི་ལོ་༡༩༩༢ཟླ་༧ཚེས་༡༦ཉིན་ཨ་རའི་བདུན་རེའི་གསར་ཤོགསྒྱྟཕཔྲཕྟྟྡཐོག་སྩལ་བའི་གསུང་འཕྲིན།
ཁྲྣྣྤརྣྣྤྟཔྲ་༡ ཕྱི་ལོ་༡༩༩༢ཟླ་༧ཚེས་༡༦ཉིན་ཨ་རའི་བདུན་རེའི་གསར་ཤོགསྒྱྟཕཔྲཕྟྟྡཐོག་སྩལ་བའི་གསུང་འཕྲིན།
པ་ནི་གོང་མ་ལྟར་རོ།།
ཉི་མའི་དཀྱིལ་འཁོར་ཞེས་པ་ནི་ཆུང་ངུའིའོ།།
གནས་གྱུར་བསྒོམ་པར་བྱས་ལ་སངས་རྒྱས་སྐུ་ནི་རྡོ་རྗེ་འཆང་བའོ།།
དེའི་གནས་བསྒོམ་སྟེ་ཞེས་པ་ནི་གསུམ་པ་དང་འགྲུབ་པའི་རྒྱུའོ།།
དེ་ཡི་སྟེང་དུ་གནས་གཞག་ྋགོ།།
ཞེས་པ་ནི་གནས་འགྱུར་བ་ལས་མི་བསྐྱོད་པའི་གནས་སུ་ཧཱུྃ་བསྒོམ་པའོ།།
རྡོ་རྗེ་འཆང་བ་ལ་ཡང་ས་བོན་དེ་བཞིན་དུ་ཤེས་པར་བྱའོ།། །
ཕྱི་མ་ལ་ཡང་གཉིས་པ་རང་རང་གི་ས་བོན་དུ་ཤེས་པར་བྱའོ།།
ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་༑ །ཞེས་པ་ནི་གོང་མ་ལྟར་ཆོས་འབྱུང་ངོ།།
དེར་གསལ་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བ་སྟེ་མི་འགྱུར་བའི་གདན་ནོ།།
དེར་རྣམ་པར་སྣང་མཛད་ཆོ་ག་བཞིན་དུ་བསྒོམ་པར་བྱའོ།།
སྤྱན་གྱི་ཚུལ་དུ་ཞེས་པ་ནི་དེ་མ་ཐག་ཏུ་འབྲིང་པོའི་བསྙེན་སྒྲུབ་བཞི་བསྟན་ཏོ།།
དེ་དང་སྦྱོར་བ་ལ་རྡོ་རྗེ་པདྨ་ཞེས་པ་ནི་བྱིན་གྱིས་བརླབ་པའོ།།
དེ་ནས་ཕྲ་མོ་སྦྱོར་བ་བསྒོམ།།
ཞེས་སོ།།
འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ།།
ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།
ཞེས་པ་ནི་ཆོས་འབྱུང་བ་ལའོ།། །
དེར་རང་གི་གསུམ་པ་ལས་བྱུང་བའི་ཕྱིར་ན་རིན་ཆེན་དཀྱིལ་འཁོར་ཏེ།
པོ་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ།།
དང་པོའི་སྦྱོར་བ་ནི་དང་པོའི་རྣལ་འབྱོར་རོ།།
དེའི་སྟེང་དུ་ཞེས་པ་ནི་སྦྱོར་བ་གཉིས་པ་ཡོངས་སུ་བསྒོམ་པའོ།
བ།
འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ།། །
ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ་
མ།
ཞེས་པ་ནི་ཆོས་འབྱུང་བ་ལ་གོང་མ་ལྟར་པདྨའི་དཀྱིལ་འཁོར་ཏེ་སྣང་བ་མཐའ་ཡས་བསྒོམས་ལ།
སུ་པདྨའི་ཚུལ་དང་ཞེས་པ་ནི་གོས་དཀར་མོའོ།།
དེ་དང་སྦྱོར་བ་ནི།
འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ།།
ཞེས་སོ་༑ །སྐྱེ།
ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།
ཞེས་པས་གོང་མ་ལྟར་རོ།།
འོད་ཀྱི་དཀྱིལ་འཁོར་ཞེས་པ་ནི་འོད་ཟེར་ལྔ་དང་ལྡན་པས་ཏེ་ལྗང་གུ་དོན་ཡོད་གྲུབ་པའོ།།
དེ་བསྒོམ་པར་བྱ་བ་དང་།
༢ སངས་རྒྱས་ཚུལ་ནི་ཞི་བ་ཞེས་པ་ལ་རང་གི་དང་པོ་ལས་བསྐྱེད་པ་སྟེ།
གཙོ་བོ་སྤྲོ་བར་བསྟན་ཏོ།།
འཁོར་ཡང་ཁྱད་པར་དག་ཏུ་སྤྲོ།།
ཞེས་པ་ནི་གཞན་དང་གཞན་གྱི་གཟུགས་ཀྱིས་འཁོར་རྣམས་ཀྱང་སྤྲོ་བར་བྱའོ་ཞེས་སོ།།
དེས་ནི་མཚན་མ་ཐོབ་པའི་དེ་མ་ཐག་ཏུ་ཞེས་པའི་དོན་བསྟན་པ་ཡིན་ནོ།།
དེ་གོང་མ་ལ་ཡང་སྦྱར་བར་བྱའོ།།
ལྷ་གཙོ་བོ་ཕྱག་མཚན་ལ་ཕྲ་མོ་སྦྱོར་བ་གསུངས་པ།
ལཨུཏྤལ་ཞེས་པ་ལ་སོགས་པ་གསུངས་པའོ་༑ །དེ་ཡང་མི་བསྐྱོད་པའི་རྣལ་འབྱོར་པས་ཨུཏྤལ་མཐིང་གའི་མདོག་འདྲ་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་འཛིན་ལས་ཁྱད་པར་དུ་བསམས་ལ། ་
ཚད་ནས་འབྲུ་ཙམ་བརྟེན་པར་བྱ་བའི་ཕྱིར་ནན་ཏན་གྱིས་པདྨའི་སྣའི་རྩེ་མོར་རྣམ་པར་བསམ་ཞེས་སོ།།
འོད་དཔག་མེད་ཀྱི་རྣལ་འབྱོར་པས་ཚད་སྲན་ཙ་ན་ཀའི་འབྲུ་ཙམ་གྱི་པདྨ་འདབ་མ་བརྒྱད་པ་དེ་གེ་སར་དང་བཅས་པ་པདྨའི་སྣའི་རྩེ་མོར་བསམ་མོ།།
འདི་ཤིས་ཏེ་ཞེས་པ་ནི་བརྟན་པར་བྱེད་པའི་ཕྱིར་རོ།།
བསྒོམས་པས་བྱང་ཆུབ་གཞོལ་བར་འགྱུར།།
ཞེས་པ་ནི་སེམས་ལས་སུ་རུང་ན་བླ་ན་མེད་པའི་བྱང་ཆུབ་ལ་རེག་པའི་ཕྱིར་རོ།།
འཁོར་ལོ་སོགས་ཞེས་བྱ་བ་ནི་འཁོར་ལོའི་ཚད་པདྨ་དང་འདྲའོ་༑ག།
རལ་གྲིའི་ཚད་རྡོ་རྗེ་དང་འདྲའོ། ་་་ །
རིན་པོ་ཆེའི་ཚད་ལེའུ་བཅུ་གསུམ་པར་གསུངས་སོ།།
ཁྱད་པར་དུ་བསྒོམ་པ་ཞེས་པ་ནི།།
ཞེ་ལྷ་རང་རང་གི་ཁྱད་པར་གྱིས་བསྒོམ་པའོ།། །
དེར་ནི་ཞེས་པ་ནི་སྣའི་རྩེ་མོར་རོ།།
README.md exists but content is empty. Use the Edit dataset card button to edit it.
Downloads last month
6
Edit dataset card