File size: 119,389 Bytes
825c579 |
1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40 41 42 43 44 45 46 47 48 49 50 51 52 53 54 55 56 57 58 59 60 61 62 63 64 65 66 67 68 69 70 71 72 73 74 75 76 77 78 79 80 81 82 83 84 85 86 87 88 89 90 91 92 93 94 95 96 97 98 99 100 101 102 103 104 105 106 107 108 109 110 111 112 113 114 115 116 117 118 119 120 121 122 123 124 125 126 127 128 129 130 131 132 133 134 135 136 137 138 139 140 141 142 143 144 145 146 147 148 149 150 151 152 153 154 155 156 157 158 159 160 161 162 163 164 165 166 167 168 169 170 171 172 173 174 175 176 177 178 179 180 181 182 183 184 185 186 187 188 189 190 191 192 193 194 195 196 197 198 199 200 201 202 203 204 205 206 207 208 209 210 211 212 213 214 215 216 217 218 219 220 221 222 223 224 225 226 227 228 229 230 231 232 233 234 235 236 237 238 239 240 241 242 243 244 245 246 247 248 249 250 251 252 253 254 255 256 257 258 259 260 261 262 263 264 265 266 267 268 269 270 271 272 273 274 275 276 277 278 279 280 281 282 283 284 285 286 287 288 289 290 291 292 293 294 295 296 297 298 299 300 301 302 303 304 305 306 307 308 309 310 311 312 313 314 315 316 317 318 319 320 321 322 323 324 325 326 327 328 329 330 331 332 333 334 335 336 337 338 339 340 341 342 343 344 345 346 347 348 349 350 351 352 353 354 355 356 357 358 359 360 361 362 363 364 365 366 367 368 369 370 371 372 373 374 375 376 377 378 379 380 381 382 383 384 385 386 387 388 389 390 391 392 393 394 395 396 397 398 399 400 401 402 403 404 405 406 407 408 409 410 411 412 413 414 415 416 417 418 419 420 421 422 423 424 425 426 427 428 429 430 431 432 433 434 435 436 437 438 439 440 441 442 443 444 445 446 447 448 449 450 451 452 453 454 455 456 457 458 459 460 461 462 463 464 465 466 467 468 469 470 471 472 473 474 |
SXuR_KBbZay-00000-00000100-00000680 ལགས་སོ། ད་ང་ཚོ་ཡང་མུ་འཐུད་ཡིན་ད་ཡོད་བ། SXuR_KBbZay-00001-00000722-00001314 ང་ཚོ་མུ་འཐུད་བརྗོད་གཞི་ག་རེ་རེད། གལ་གནད། ཐབས་ལམ་གྱི་གལ་གནས་ལབ་ཡ་ཅིག་ཡོད་རེད་པ། SXuR_KBbZay-00002-00001340-00002116 འོ་དེའི་སྒང་ལ་མུ་འཐུད། དེའི་སྒང་ལ་ང་ཚོ། གོང་ལ་ང་ཚོས་དེ་ཞུས་ཚར་ར་དེ། དོན་ཚན་གསུམ་གྱི་སྒང་ལ་ཐབས་ལམ་དེ་དགོས་ཀྱི་འདུག་ལབ་ཡ་ཅིག་ཡོད་ར། SXuR_KBbZay-00003-00002160-00002974 ད་དེ་ནས་ང་ཚོ་ཡི་གེ་ཡི་གེ་ལྟག་པར་རང་མཐོང་ཡ་མེད་པ་བྱས། ཡང་དེ་རིང་ངས་ཀྱི་རི་མོ། དགོངས་དག་རི་མོ་ཁྱོན་ནས་ཡག་པོ་བྱུང་མ་སོང་། SXuR_KBbZay-00004-00003020-00003360 འོ་འདི། ད་ཡིན་ནའང་ཧ་གོ་ཙམ་ཅིག་ཡོད། ཧ་གོ་ཙམ་ཅིག ཡིན་ནའང་སྐྱོན་མིན་འདུག SXuR_KBbZay-00005-00003392-00003674 ད་དུང་ཧ་མ་གོ་ན་ངས་ཀྱི་རྗེས་ལ་འབྲེལ་བཤད་རྒྱག་གི་ཡིན། འོ་དེ་གས། SXuR_KBbZay-00006-00003711-00004610 རི་མོ་གཉིས་ཀྱི་ལམ་ཁ་ནས། ད་ཡང་ཐབས་ལམ་དེ་ཚོ་ཡང་སློབ་ཕྲུག་དེ་ཚོ་ལ་ག་གམ་ཙམ་གྱིས་ཨ་ནི་ཕན་ཐོག་པོ་ཡོད་མེད་དང་། གལ་ཆེན་པོ་ཡིན་མས་དེ་ཞུ་ཡ་ཡིན། SXuR_KBbZay-00007-00004636-00005278 ད་གིན་གྱི་དོན་ཚན་གསུམ་དེ་དགེ་རྒན་གྱི་ཕྱོགས་ལ་བཤད་ན་ཡང་འགྲིག་གི་འདུག ཡང་སློབ་ཕྲུག་གི་ཕྱོགས་ལ་བཤད་ན་འགྲིག་གི་འདུག ད་གང་ལྟར་གལ་ཆེན་པོ་བྱས། SXuR_KBbZay-00008-00005306-00006266 ད་དེ་རིང་གི་དེ། སློབ་ཕྲུག ནང་བསྟན་སྲི་ཞུ་ཁང་གི་སློབ་ཕྲུག་དེ་ཚོ་ལ་ག་རེ་བྱས་ནས་ཐབས་ལམ་དེ་གལ་ཆེན་པོ་རེད་ལབ་ཡ་ཅིག་ཡོད་རེད་པ། འོ་དེའི་སྒང་ལ་ཞུ་ཡ་ཡིན། SXuR_KBbZay-00009-00006294-00007434 ད་དེ་རི་མོ་དང་པོ། ཤིང་སྡོང་ཡོད་པའི་རི་མོ་དེ། ཨ་ནི། སྡ་ངོན་མ་ང་ཚོ་དེ་ལ་ང་ཚོའི་འགན་འཛིན་རིན་ཆེན་ལགས་ཡིན་པའི་སྐབས་ལ། ང་ཚོ་དགེ་རྒན་གྱི་ཚོགས་འདུ་ཚོགས་པའི་སྐབས་ཅིག་ལ། SXuR_KBbZay-00010-00007468-00007734 ཁོང་གིས་དེ་མདོར་ཙམ་ཅིག་སྦྱང་ན། ཟུར་ཙམ་ཅིག་གསུངས་སོང་། SXuR_KBbZay-00011-00007764-00008630 ངས་དེ་དཔེ་ཡག་པོ་མཐོང་སོང་། དེ་ནས་ངས་དེ་རིངདེ་མར་ཡང་། ཁོང་གིས་ག་རེ་གསུངས་པ་དེ་དང་ཡང་ན་སོ་སོའི་བསམ་ཚུལ་ཏིག་ཙེ་ཡར་ནང་ལོག་ལ་བླུག་ནས། རྣམ་པ་ཚོ་ལ་ཞུ་ཡ་བྱས། SXuR_KBbZay-00012-00008660-00009530 འདིའི་རི་མོ་དེ་གས་དེ། ད་ག་རེ་ལབ་དགོས་རེད། འགྲོ་སྟངས་ཡང་ན་རྒྱུ་མཚན་འདྲ་པོ་དེ། དངོས་གནས་ཉིན་མ་གཅིག ཧོབ་དེ་ཚོགས་འདུ་ཚོགས་པའི་སྐབས་ཅིག་ལ་རེད། ཧོབ་དེ་གང་ལ་དྲན་པ་གསོད་ཀྱོག་ཅིག་ཡིན། SXuR_KBbZay-00013-00009556-00010386 འོ་དེ་ཡིས། ཨ་ནི། ད་གཉིས་ཀ་མཉམ་དུ་ཞུས་བཞག་ན་བསམ་སོང་། གང་ཡིན་ཟེར་ན། གཉིས་ཀ་དཔེ་ཡག་པོ་རེད་བཞག དཔེ་མཚོན་དཔེ་ཡག་པ། དཔེར་བརྗོད་དཔེ་ཡག་པོ་རེད་འདུག ལགས་སོ། SXuR_KBbZay-00014-00010416-00010888 ད་དེ་རིང་དེ་དམིགས་བསལ་སློབ་ཕྲུག་ལ་ག་རེ་བྱས་ནས་གལ་ཆེན་པོ་རེད་ལབ་ཡ་ཅིག་ཡོ་རེད་པ། ཐབས་ལམ་དེ། SXuR_KBbZay-00015-00010914-00011090 དཱ། ཡང་བསྐྱར་ཅིག་ཞུས་ན། SXuR_KBbZay-00016-00011120-00011638 སློབ་ཕྲུག་ཚང་མ་ལོག་ང་ཚོ་གཞུང་གི་སློབ་གྲྭའི་ནང་དང་གཅིག་པ་མིན་པ། ཕྱི་རྒྱལ་གྱི་སློབ་ཕྲུག་རེད་སེ། SXuR_KBbZay-00017-00011664-00012538 ད་ཁོང་ཚོ་ལ་དཔེ་དཀའ་ངལ་ཡོད་རེད། གང་ཡིན་ཟེར་ན། ཁོ་རང་ཚོ་ཡི་མ་སྐད་དེ་ཕ་སྐད་དང་མ་སྐད། ད་ག་རེ་ལབ་ནའི་འགྲིག་གི་འདུག་རེད་པ། ཕ་སྐད་ཞུས་བཞག་ན། རྙོག་དྲ་མ་ཡོང་བའི་ཕྱེད་དུ། SXuR_KBbZay-00018-00012568-00013504 ཕ་སྐད་དེ་དབྱིན་ཇི་དབྱིན་སྐད་རེད་པ། ཡང་ན་དབྱིན་ཇི་རེད་པ། ད་ལྟ་ཁོང་ཚོས་ཁྱོན་ནས་རང་མཐོང་མྱོང་མེད་པ་ཅིག ཁྱོན་ནས་རང་ཧ་མ་གོ་བའི་སྐད་ཡིང་གཅིག་སྦྱང་དུས་ཙམ་པ། དཔེ་དཀའ་ལས་ཁག་པོ། SXuR_KBbZay-00019-00013530-00013780 དཔེ་དཀའ་ལས་ཁག་པོ། འོ་དེ་ཡིས། SXuR_KBbZay-00020-00013819-00014404 འོ། དེ་རིང་ཅ་ལག་ཅིག་ཁྱེར་ཡོང་གོ་བསམ་སོང་དྲན་པ་བརྗེད་བཞག ད་རྗེས་ལ་སྟན་ཡ་ཡིན། ཚང་མ་ལོག་ལ། SXuR_KBbZay-00021-00014430-00014974 འོ་དེ་ཡིས། ད་ང་ཚོ་ཡི་ནང་བསྟན་སྲི་ཞུ་ཁང་ནང་ལ། ད་སློབ་ཕྲུག་གི་གནས་སྟངས་དེ་འདྲས་ཡིན་དུས་ཙམ་པ་སེ། SXuR_KBbZay-00022-00015010-00015297 ད་དཔེ་དཀའ་ལས་ཁག་པོ། ད་ཁྱོན་ནས་ཧ་མ་གོ་བ་བྱས་ནས་སྦྱང་དུས་ཙམ་པ། SXuR_KBbZay-00023-00015330-00016186 བྱས་ཙང་། ནང་བསྟན་སྲི་ཞུ་ཁང་ནང་ལ། དགེ་རྒན་རྣམ་པ་ཚོ་ཡིས་སློབ་ཚན་འཁྲིད་པའི་སྐབས་ལ། ཡང་ན། སློབ་ཕྲུག་མཉམ་དུ་བཀའ་མོལ་ཞུ་བའི་སྐབས་ལ། SXuR_KBbZay-00024-00016213-00016948 ག་ཚོད་ཀྱིས་སྟབས་བདེ་པོ། སྟབས་བདེ་བདེ་བཟོ་ཐུབ་ན་ཡང་དེ་ཚོས་སློབ་ཕྲུག་ལ་ལས་སླ་བ་དང་མགྱོགས་པ་ཧ་གོ་ཡི་ཁྱད་ཆོས་ཅིག་ཡོད་རེད། SXuR_KBbZay-00025-00016978-00017382 ཁོང་ཚོ་ལ་ཡང་ང་ཚོས། མཚམས་མཚམས་དགེ་རྒན་ཁ་ཤས་སྙིང་རྗེ། ང་ཡང་ཨེ་འདྲས་བྱེད་མྱོང་ཡོད། SXuR_KBbZay-00026-00017408-00018548 སེམས་ནང་ལ་དཔེ་སེམས་ཤུགས་སྐྱེས། གལ་སྲིད་སློབ་ཕྲུག་དཔེ་སྦྱངས་མཁན་ཅིག་ཐུགས་སོང་ན། ད་ངས་ཁོ་ལ་ངས་ཤེས་པ་ཚང་མ་བསླབ་དགོས་བསམ་ནས། ད་ཧོབ་ད་རྦེ་ག་རེ་ལབ་དགོས་རེད། ང་ཚོས་ཤེས་པ་དང་། ཁོང་ཚོས་ད་ལྟ་ཤེས་པའི་གནས་ཚད་ཁྱོན་ནས་འདྲ་ཡི་མ་ར། SXuR_KBbZay-00027-00018576-00019038 ད་ང་ཙོས་བརྡ་སྤྲོད་ཚང་མ་བསླབ་ཡ་འགོ་བཙུགས། རྣམ་དབྱེ་བསླབ་ཡ་འགོ་བཙུགས། ཨེ་འདྲས་བྱས་དུས་ཙམ་པ། སློབ་ཕྲུག་རྦད་དེ་མགོ་འཁྱིལ་ནས། SXuR_KBbZay-00028-00019064-00019880 འོ་དེ་ཨེ་འདྲས་ཡང་སེམས་ཤུགས་ཏིག་ཙེ་ཆེ་དྲག་བཞག ད་ཁྱེད་རང་སེམས་ཤུགས་ཡོད་ན་ཡང་། ཡིན་ན་ཡང་ཁྱེད་རང་ཕར་ཕྱོགས་ཀྱི་ཁྱེད་རང་གིས་བསླབ་ས་དེ་སློབ་ཕྲུག་གི་གནས་ཚད་ངེས་པར་དུ་བལྟ་དགོས་ཀྱི་འདུག SXuR_KBbZay-00029-00019906-00020312 གལ་སྲིད་ཡང་ཁྱེད་རང་གིས་བསླབ་སའི་སློབ་ཕྲུག་གི་གནས་ཚད་ཡག་པོ་ཡོད་ན། ཁྱེད་རང་གིས་ག་རེ་ཡིན་ནའང་འགོ་བཙུགས་ཆོག་གི་རེད། SXuR_KBbZay-00030-00020336-00020730 ཡིན་ན་ཡང་། གནས་ཚད་ཡག་པོ་མེད་པ་ཅིག་ལ་འགོ་བཙུས་ན། ཡང་བསྐྱར་ཁོང་ཚོ་དཀའ་ངལ་རེད། SXuR_KBbZay-00031-00020756-00021940 འོ་དེ་ཡི་སྔོན་ལ་ག་ཚོད་ཀྱི་སྟབས་བདེ་པོ། ད་ཚིག་དཔེ་ཧ་གོ་ཁག་པོ་ཅིག་ཡོད་ན་ཡང་། དེ་ཁྱེད་རང་གིས་ཐབས་ཤེས་གང་ཡོང་བྱས་ནས་རྦེད་དེ་འགྲེལ་བཤད་ལས་སླ་པོ་ཅིག་རྒྱབ་ཐུབ་ན། SXuR_KBbZay-00032-00021964-00022440 ཡང་ན་སློབ་ཕྲུག་གིས་ལམ་སང་ཧ་གོ་ཡ་འདྲ་པོ་རྒྱབ་ཐུབ་ཡག་གི་ཐབས་ཤེས་དེ་བྱེད་དགོས་འདུག་སེ། བསམ་གྱི་འདུག SXuR_KBbZay-00033-00022468-00022818 འདི་རེད་ལ། ད་བྱས་ཙང་ངས་ག་རེ་བསམ་གྱི་འདུག་ཟེར་ན། SXuR_KBbZay-00034-00022850-00023412 ད་དེ་རེད་ལ། ཡོད་པ། དེ་ལ་རྩ་བ་ཅིག་འདུག་ག དེ་ཤིང་སྡོང་རེད་ད་ལ། འདྲ་པོ་ཡོད་ན་མེད་ན། SXuR_KBbZay-00035-00023440-00024230 འདི་ཤིང་སྡོང་དེ། ད་དེ་རྩ་བ་བྱས། དེ་སྡོང་པོ་བྱས། ད་དེའི་སྒང་དེ་ང་ཚོའི་ཡལ་ག་དེ་དང་དེ་གས་ཚང་མ་དེ་ཡིན་ད་ལ། ཡོད་པ། དེའི་སྒང་ལ་བཞག་ཞག་ཡོད། SXuR_KBbZay-00036-00024250-00025052 ངས་ག་རེ་དཔེ་མཚོན་བཞག་ཉེས་དྲོ་སོང་ལབ་ན། དེའི་རྩ་བ་ལ་ཡོད་ཀྱོག་ཚང་མོ་ལོག་དེ་ང་ཚོའི་སློབ་ཕྲུག་དེ་ཡིན་སེ། ད་ནང་བསྟན་སྲི་ཞུ་ཁང་གི་སློབ་ཕྲུག་དེ་ཚོ་དེ་ལ་ཡོང་གི་རེད་པ། SXuR_KBbZay-00037-00025074-00025314 ཕྱི་རྒྱལ་གྱི་སློབ་ཕྲུག་བུ་ཡོང་གི་རེད། བུ་མོ་ཡོང་གི་རེད། ག་རེ་ཡིན་ནའི་ཡོང་གི་རེད། SXuR_KBbZay-00038-00025348-00026039 འོ་དེ་ཡིས། དེ་ཚང་མ་ལོག་ག་བ་ལ་ངོས་འཛིན་གྱི་ཡོད་ལབ་ན། ཨ་ནི། ངས་ཀྱི་དེ་ལ་ངོས་འཛིན་གྱི་ཡོད། རྩ་བ་དེ་ལ། SXuR_KBbZay-00039-00026064-00026472 ད་སྐད་ཆ་བཤད་གིན་བཤད་གིན་དེ་ནས་ཡར་བསམ་ཚུལ་གསར་པ་དེ་འདྲས་དོན་ཡོང་གི་འདུག་ད། SXuR_KBbZay-00040-00026500-00026920 དེ་སློབ་ཕྲུག་རེད་བྱས། རྩ་བ་དེ་སློབ་ཕྲུག་ལ་ངོས་འཛིན་གྱི་ཡོད། SXuR_KBbZay-00041-00026945-00027832 དེ་ནས་ད་ང་ཚོས་ཁོང་ཚོས་སྦྱང་འདོད་པའི་བོད་ཡིག ད་ཡིན་ནའི་ཡང་། ད་ལྟ་ང་ཚོའི་ནང་བསྟན་སྲི་ཞུ་ཁང་ནང་ལ་སྦྱངས་ཡ་དེ་བོད་ཡིག་ལབ་དགོས་ར། ཡིན་ནའི་མཉམ་དུ་ཡང་རེད། SXuR_KBbZay-00042-00027858-00028232 ད་ཡིན་ནའི་ལས་དངོས་རང་དམིགས་ཡུལ་དེ་བོད་སྐད་གང་ལ་བཤད་ཀྱི་ཡོད་རེད། འོ་དེ་ག་རེ་ཡིན་ཟེར་ན། SXuR_KBbZay-00043-00028248-00029482 དེ་ཡན་ཆད། དེའི་སྒང་ལ་དེའི་སྒང་ལ། སྡོང་པོ་དེའི་སྒང་ལ་ཡོད་པ་ཚང་མ་ལོག ཁོང་ཚོ་ཡིས་སྐོམ་པ་ཆུ་ལྟོས་ལྟར་སྦྱང་འདོད་པའི་བོད་སྐད་དེ་སྡོང་པོ་དེའི་སྒང་ལ་ཡིན་ད། ཡོད་པ། བོད་སྐད་དེ། SXuR_KBbZay-00044-00029514-00029880 འོ་ཧེད། ལགས་སོ། འོ་དེ་རེད་ད་བོད་སྐད་དེ། SXuR_KBbZay-00045-00029918-00030327 འོ་རེད། ད་བོད་སྐད་དེ་རེད་ལབ་ན་འགྲིག་ས་རེད། དེ་བྱས་ཡོད་པ། SXuR_KBbZay-00046-00030348-00030880 ད་སློབ་ཕྲུག་དེ་ལ་འདུག ད་ཁོང་ཚོ་དགོས་པ་དེ་ལ་འདུག ད་དེའི་སྟོང་ཆ་དེ་ཚོ་རྒྱངས་དགོས་རེད་པ། SXuR_KBbZay-00047-00030902-00031174 རེད་མ་རེད་ལ། དེ་སྟོང་ཆ་དེ་ཁྱེད་རང་གིས་རྒྱངས་མ་ཐུབ་ན། VVvAC0Io73k-00000-00000000-00001180 Within this video you will find an account of the life of Jesus in drawings. VVvAC0Io73k-00001-00001200-00001860 དཀོན་མཆོག་གིས་བསྟན་བཅོས་དམ་པ་སྟེ་དམ་པའི་གསུང་རབ་བརྒྱུད་ནས་མི་རྣམས་ལ་བཀའ་གསུང་གནང་བ་ཡིན། ཁོང་ནི་འཇིག་རྟེན་བྱེད་པོ་ཡིན་ལ་ཁོང་གིས་མི་ལ་འབྲེལ་བ་ཟབ་མོ་འཛུགས་དགོངས་པ་ཡིན། སྐྱབས་མགོན་ཡེ་ཤུས་དགོངས་པ་དེ་གསལ་བོར་བསྟན་པའོ། ། VVvAC0Io73k-00002-00002360-00002560 ཡེ་ཤུ་མཱ་ཤི་ཀ VVvAC0Io73k-00003-00003532-00003832 མི་འདི་ཚང་མ་ཆུ་ཁར་འཚོགས་དོན་ཅི་ཡིན་ནམ། VVvAC0Io73k-00004-00004200-00004532 ཁྱོད་ཚོས་གྲ་སྒྲིག་བྱོས་དང་། དཀོན་མཆོག་གིས་དོན་གསར་བ་ཞིག་མཛད་རྒྱུ་རེད། VVvAC0Io73k-00005-00004632-00004850 ཚེ་སྲོག་གསར་བ་ཞིག་འགོ་རྩོམ་དགོས། VVvAC0Io73k-00006-00005032-00005356 ཁྱོད་དཀོན་མཆོག་ལ་གཡོལ་ཐབས་མེད། VVvAC0Io73k-00007-00005400-00005970 ཁོང་གི་ཁྲིམས་ཐག་གཅོད་པའི་སྟ་རེ་དེ་སྡོང་རྩར་བཞག་འདུག VVvAC0Io73k-00008-00006090-00006804 འབྲས་བུ་ཡག་པོ་མི་ཐོགས་པའི་སྡོང་བོ་རྣམས་བཅད་ནས་མེའི་ནང་དུ་གཡུག་རྒྱུ་རེད། VVvAC0Io73k-00009-00006831-00007231 ཕ་གར་ཅིག་ཉོན་དང་། རང་ཅག་འདི་འདྲ་བཟང་བས་ད་དུང་མི་ཆོག་གམ། VVvAC0Io73k-00010-00007331-00008600 མི་སུ་ཡིན་ཡང་དཀོན་མཆོག་གི་ཁྲིམས་གཅོད་ལ་གཡོལ་ཐབས་མེད། ཡིན་ནའང་ངའི་རྗེས་སུ་ཁྱོད་ཕྱི་ནང་གཉིས་ཀ་བསྒྱུར་ཐུབ་པ་ཞིག་ཕེབས་ཡོང་ཞིང་། ཁོང་གིས་ཁྱོད་རང་སྐྱོབ་པར་འགྱུར། VVvAC0Io73k-00011-00008804-00009484 ཁྱོད་ངོ་མས་མི་ཚེ་མི་འདྲ་བ་ཞིག་ཡོད་འདོད་དམ། ཆུའི་ནང་དུ་ཤོག་ལ་ཁྲུས་གསོལ་ལོངས་ཤིག VVvAC0Io73k-00012-00010108-00010626 ད་ནི་ཁྱོད་ཀྱི་སྡིག་པ་རྣམས་དག་པ་ཡིན་པས་ཚེ་སྲོག་གསར་བ་འགོ་བརྩམས་ཆོག VVvAC0Io73k-00013-00010824-00011190 མི་ཚང་མས་ཆུ་ཁའི་ཆོས་གསུང་མཁན་དེར་ཁྲུས་གསོལ་མཁན་ཡོ་ཧ་ནན་ཞེས་འབོད་པ་རེད། VVvAC0Io73k-00014-00011368-00012396 ང་གལ་ཆེན་མིན། ངས་ཁྱོད་རྣམས་གཞན་ཞིག་གི་དོན་དུ་གྲ་སྒྲིག་བྱེད་པ་ཡིན། ཁོང་གིས་རང་ཅག་ལ་དཀོན་མཆོག་གི་ཐུགས་དགོངས་ཅི་ཡིན་པ་སྟོན་ཞིང་། VVvAC0Io73k-00015-00012396-00013206 ཁོང་གིས་ཁྱོད་རྣམས་ལ་དཀོན་མཆོག་གི་ཐུགས་ཉིད་ཀྱི་མེའི་ནང་དུ་ཁྲུས་གསོལ་མཛད་པ་དང་། དེས་ཁྱོད་རྣམས་རྩ་བ་ནས་བསྒྱུར་ངེས་ཡིན། VVvAC0Io73k-00016-00013416-00013547 དེ་ནས། VVvAC0Io73k-00017-00014152-00014513 ངས་ཁྱེད་ནས་ཁྲུས་གསོལ་བླངས་ན་འགྲིག VVvAC0Io73k-00018-00014684-00015126 དེ་བཞིན་བྱོས་ཞིག རང་ཅག་གིས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བསྒྲུབ་འོས། VVvAC0Io73k-00019-00015280-00015836 ཡབ་ལགས། ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ཁྱེད་ཀྱི་དགོངས་པ་གྲུབ་གྱུར་ཅིག VVvAC0Io73k-00020-00015928-00016380 གློ་བུར་དུ་ནམ་མཁའ་ནས་སྐད་ཅིག་གིས། VVvAC0Io73k-00021-00016460-00017232 ལགས་སོ། །ཁྱོད་ནི་ངའི་གཅེས་པའི་བུ་ཡིན། ཁྱོད་ནི་ངའི་སེམས་དང་ལྡན་པ་དེ་ཡིན་ཞེས་གསུངས། VVvAC0Io73k-00022-00017532-00018064 ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཡེས་ར་ཨེལ་པ་རྣམས་ཕེབས་རྒྱུ་ཡིན་པའི་མཱ་ཤི་ཀའི་དོན་དུ་གྲ་སྒྲིག་བྱས་པ་རེད། VVvAC0Io73k-00023-00018064-00018792 སྐབས་དེར་རོ་མཱ་བཙན་རྒྱལ་གྱིས་འཛམ་གླིང་སྟེང་གི་ས་ཆ་མང་ཆེ་བ་དབང་དུ་བཟུང་ཡོད་པ་དང་། དབྱི་སི་རལ་ནི་རོ་མཱ་བཙན་རྒྱལ་གྱི་མངའ་འབངས་ཡུལ་གྲུ་ཆུང་ངུ་ཞིག་ཡིན་ནོ། ། VVvAC0Io73k-00024-00019044-00020400 ཡ་ཧུ་དཱ་པ་རྣམས་ཀྱིས་མཱ་ཤི་ཀ་ཕེབས་འོང་བར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཁོང་རྣམས་ཀྱི་གནའ་དཔེའི་ནང་དུ་མཱ་ཤི་ཀ་ཕེབས་རྒྱུ་ཡིན་པ་ལུང་བསྟན་ཡོད་ལ། ཁོང་གིས་དབྱི་སི་རལ་དར་དུ་འཇུག་པར་གསུངས། VVvAC0Io73k-00025-00020436-00021074 ཡིན་ནའང་ཡོར་དན་གཙང་པོ་རུ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་ནི་མཆོད་པའི་ལུ་གུ་དེ་ཡིན་པར་གསུངས། VVvAC0Io73k-00026-00021240-00022008 ལྟོས་དང་། ཁོང་ནི་འཇིག་རྟེན་འདིའི་སྡིག་པ་སེལ་མཁན་དཀོན་མཆོག་གི་ལུ་གུ་ཡིན། VVvAC0Io73k-00027-00022804-00023900 སྐྱབས་མགོན་ཡེ་ཤུ་གཅིག་པུ་དབེན་སྟོང་ནས་ཉིན་ཞག་བཞི་བཅུར་བསྡད་ཅིང་། ཁ་ཟས་ཅི་ཡང་མ་སྤྱད་པར་ཚོད་བགམ་ཐེག་པའི་ཕྱིར་རང་ཉིད་གྲ་སྒྱིག་བྱས། VVvAC0Io73k-00028-00024024-00024986 སྐྱབས་མགོན་ཡེ་ཤུ་བདུད་སཱ་ཏན་དང་འཐབ་དགོས་ཏེ། སཱ་ཏན་ནི་མིག་གིས་མི་མཐོང་བའི་མུན་ནག་དབང་དུ་སྒྱུར་མཁན་ཡིན་ལ། དཀོན་མཆོག་དང་མི་གཉིས་ཀྱི་བསྟན་དགྲ་ཡིན་པ་དང་། ཁོས་ནི་ཞེ་སྡང་དང་ན་ཚ། འཆི་བ་བཅས་ཀྱིས་འཇིག་རྟེན་འདིར་དབང་སྒྱུར་བ་ཡིན། VVvAC0Io73k-00029-00025060-00025786 སྐྱབས་མགོན་ཡེ་ཤུས་དཀོན་མཆོག་གི་འཆར་གཞི་ལག་ལེན་དུ་འདེབས་དགོས་པ་སྟེ། མི་རྣམས་ཉེས་ཆད་དང་འཆི་བ་ལ་འཇིགས་པའི་འཇིགས་སྣང་ལས་ཐར་བ་ནི་དཀོན་མཆོག་གི་དགོངས་པ་ཡིན། VVvAC0Io73k-00030-00025888-00026222 ལགས་སོ་ཡབ་ཆེན་ལགས། ངས་ཁྱེད་ཀྱི་དགོངས་པ་བཞིན་དུ་བསྒྲུབ་པར་བྱ། VVvAC0Io73k-00031-00026339-00026950 ཡིན་ནའང་བདུད་སཱ་ཏན་གྱིས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་དཀོན་མཆོག་གི་བཅོལ་གདམས་དང་ཁ་འབྲལ་དུ་འཇུག་པའི་ཆེད་དུ་ཁོང་གི་སྙན་ལམ་དུ་ཤབ་ཤུབ་སྨྲས་པ་རེད། VVvAC0Io73k-00032-00027032-00027526 གལ་ཏེ་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་པ་བདེན་ན་རྡོ་འདི་རྣམས་བག་ལེབ་ཏུ་སྒྱུར་ཅིག VVvAC0Io73k-00033-00027580-00028545 མིན། དཀོན་མཆོག་གི་གསུང་རབ་ནང་དུ་མི་ནི་བག་ལེབ་ཁོ་ནར་བརྟེན་ནས་འཚོ་བ་མ་ཡིན་པར། དཀོན་མཆོག་གི་བཀའ་ལ་བརྟེན་ནས་འཚོ་བ་ཡིན་ཞེས་གསུངས། VVvAC0Io73k-00034-00028588-00029368 གལ་ཏེ་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་དེར་བདེན་དཔང་བྱོས་དང་། མཆོད་ཁང་གི་རྩེ་མོ་ནས་མར་མཆོངས་ཤིག ཕོ་ཉ་རྣམས་ཀྱིས་ཁྱེད་ཡར་བཀྱགས་ནས་འགྲོ་བ་ཡིན་ཞེས་བྲིས་ཡོད་པ་མ་ཡིན་ནམ། VVvAC0Io73k-00035-00029432-00029802 མིན། ཁྱོད་ཀྱིས་དཀོན་མཆོག་ལ་ཉམས་ཚོད་མ་ལེན་ཞེས་ཀྱང་བྲིས་ཡོད། VVvAC0Io73k-00036-00029883-00030612 ལྟོས་དང་། ངས་ས་གཞི་སྟེང་གི་དབང་ཡོད་ཚད་ཁྱེད་ལ་སྟེར་བར་བྱ། ཡིན་ནའང་སྔོན་ལ་ཁྱེད་ཀྱིས་ང་ལ་ཕྱག་འཚལ་དགོས། VVvAC0Io73k-00037-00030720-00031398 སཱ་ཏན་ཁྱོད་ཕར་སོང་ཞིག དཀོན་མཆོག་གཅིག་པུ་ནི་ངེད་ཅག་གིས་བསྙེན་བཀུར་བྱེད་ས་དང་ཞབས་ཕྱི་སྒྲུབ་ས་ཡིན་ཞེས་བྲིས་ཡོད། VVvAC0Io73k-00038-00031468-00032245 དེའི་རྗེས་སུ་བདུད་སཱ་ཏན་སྐྱབས་མགོན་ཡེ་ཤུ་དང་བྲལ་ནས་སོང་བ་དང་། ཕོ་ཉ་རྣམས་ཡོང་ནས་སྐྱབས་མགོན་ཡེ་ཤུར་ཞབས་ཕྱི་བསྒྲུབས་པ་རེད། VVvAC0Io73k-00039-00032360-00032922 སྐྱབས་མགོན་ཡེ་ཤུ་རང་ཉིད་ཡོང་སའི་ག་ལིལ་ཡུལ་དུ་ཕྱིར་ལོག་པ་དང་། VVvAC0Io73k-00040-00032996-00033636 ཁོང་ལ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱབ་ཅིང་། ཁོང་གང་ལ་ཕེབས་ན་མི་རྣམས་ཁོང་གི་རྗེས་སུ་འབྲངས་ནས། ཁོང་ཉིད་མཱ་ཤི་ཀ་ཨེ་ཡིན་སྙམ་པ་རེད། VVvAC0Io73k-00041-00034126-00034648 ག་ལིལ་ཡུལ་གྱི་གྲོང་སྡེ་ཀ་ནཱ་རུ་གཉེན་སྟོན་ཞིག་ཡོད་པ་དང་། VVvAC0Io73k-00042-00035548-00036016 སྐྱབས་མགོན་ཡེ་ཤུ་ཡང་ཁོང་གི་ཡུམ་དང་གྲོགས་པོ་འགའ་རེ་མཉམ་དུ་སྟོན་ཐོག་ལ་ཕེབས་པ་རེད། VVvAC0Io73k-00043-00037616-00037876 ཡིན་ནའང་སྟོན་མོ་བྱས་ནས་བར་མཚམས་ཞིག་ལ། VVvAC0Io73k-00044-00037920-00038460 ཨ་ཧ་བོ་ད་ཅི་བྱ། རྒུན་ཆང་ཚར་ཐལ། VVvAC0Io73k-00045-00038460-00038896 སྐྱབས་མགོན་ཡེ་ཤུས་ཅི་ལྟར་གསུངས་ན་དེ་ལྟར་བྱོས་ཤིག VVvAC0Io73k-00046-00038896-00039610 རྫ་མ་འདི་རྣམས་ཆུས་བཀང་བར་བྱས་ནས་སྟོན་མོའི་འགོ་འཛིན་ལ་བྲོ་བ་མྱང་དུ་ཆུགས། VVvAC0Io73k-00047-00040412-00040864 ཆུ། ཡིན་ན་ར་འདི་རྒུན་ཆང་རེད། རྒུན་ཆང་ཆེས་ཡག་ཤོས་རེད། VVvAC0Io73k-00048-00041022-00041460 རྒུན་ཆང་འདིའི་བྲོ་བ་མྱོངས་དང་། ཁྱོད་ཀྱིས་རྒུན་ཆང་ཆེས་ཡག་ཤོས་དེ་གཞུག་ལ་བསྐྱུར་བ་རེད། VVvAC0Io73k-00049-00041850-00042536 ཅི་འདྲའི་འདུ་འཛོམས་ཡག་པོ། ཅི་འདྲའི་སྟོན་མོ་ཡག་པོ། ཆུ་རྒུན་ཆང་དུ་གྱུར་བ་རེད། རྒུན་ཆང་ཆེས་ཡག་ཤོས་སུ་གྱུར་བ་རེད། VVvAC0Io73k-00050-00042612-00042928 ནཱ་ཙ་རེལ་གྱི་ཡེ་ཤུས་དོན་དེ་བསྒྲུབས་པ་རེད། VVvAC0Io73k-00051-00043108-00043390 ཁོང་སུ་རེད། VVvAC0Io73k-00052-00044000-00044942 ཀཱ་ཕར་ན་ཧུམ་ནི་ག་ལིལ་མཚོ་འགྲམ་གྱི་ཉ་འཛིན་སའི་གྲོང་སྡེ་ཞིག་ཡིན་ལ། སྐྱབས་མགོན་ཡེ་ཤུས་ས་ཆ་འདི་ནས་དཀོན་མཆོག་གི་དགོངས་འཆར་རྣམས་སྒྲོག་པའི་འགོ་བརྩམས་པ་རེད། VVvAC0Io73k-00053-00045340-00045640 ཡང་ས་ཆ་འདི་ནས་ཁོང་གིས་ཉིད་ཀྱི་ཐུགས་སྲས་ཐོག་མ་རྣམས་འདེམས་པའི་འགོ་ཚུགས་པ་རེད། VVvAC0Io73k-00054-00045876-00046468 པེ་ཏྲོ། མཚོ་གྲུ་ཆུ་གཏིང་སར་དེད་དེ་དྲ་རྒྱ་འཕངས་ནས་ཉ་ཟུངས་ཤིག VVvAC0Io73k-00055-00046566-00047278 སྟོན་པ་ལགས། ངེད་ཅག་གིས་ཞག་གང་བོར་དཀའ་ལས་མྱངས་ནའང་ཅི་ཡང་མ་ཟིན་ཐལ། VVvAC0Io73k-00056-00047392-00047790 ཡིན་ནའང་ཁྱེད་ཀྱིས་འདི་བཞིན་གསུངས་ན་་་་་། VVvAC0Io73k-00057-00047912-00048236 འདི་ཅི་རེད། ངའི་ཡིད་ལའང་མ་ཤར། VVvAC0Io73k-00058-00048492-00049040 ཡ་ཀོབ། ཡོ་ཧ་ནན། ཁྱོད་གཉིས་ཀ་འདིར་རོགས་བྱེད་དུ་ཤོག་དང་། ངས་མི་ཚེ་གང་བོར་འདི་འདྲ་མཐོང་མ་མྱོང་། VVvAC0Io73k-00059-00049324-00049762 གཙོ་བོ་ལགས། ང་ནི་མི་སྡིག་ཅན་གཏེ་བོ་ཞིག་ཡིན་པས་ཁྱེད་ང་དང་འབྲལ་བར་མཛོད། VVvAC0Io73k-00060-00049820-00050288 པེ་ཏྲོ། ཁྱོད་སྐྲག་མི་དགོས། VVvAC0Io73k-00061-00050436-00050594 ངའི་རྗེས་དེད་ནས་ཤོག VVvAC0Io73k-00062-00050916-00052148 སྐྱབས་མགོན་ཡེ་ཤུ་ཁོང་གི་ཐུགས་སྲས་རྣམས་དང་མཉམ་དུ་དབྱི་སི་རལ་གྱི་བྱང་ཕྱོགས་སུ་འགྲིམས་པ་དང་། ཁོང་གིས་མི་ཐམས་ཅད་ལ་དཀོན་མཆོག་གི་རྒྱལ་སྲིད་སླེབ་ལ་ཉེ་བའི་འཕྲིན་བསྒྲགས་པ་རེད། ཁོང་གི་བཀའ་ལ་མཐུ་སྟོབས་དང་སྙིང་རྗེ་ཆེན་པོ་ལྡན་ཞིང་། VVvAC0Io73k-00063-00052320-00052758 ཁོང་གིས་མི་རྣམས་ན་ཚ་ལས་གསོས་པ་དང་གདོན་འདྲེས་བཟུང་བ་རྣམས་ཀྱང་ཐར་བར་མཛད། VVvAC0Io73k-00064-00052836-00053552 མི་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས་པ་དང་། མི་དེ་རྣམས་ནི་ཐ་ན་ཡུལ་གཞན་དང་དབྱི་སི་རལ་གྱི་རྒྱལ་ས་ཡེ་རུ་སཱ་ལེམ་ནས་འོངས་པ་རེད། VVvAC0Io73k-00065-00053712-00054300 དཀོན་མཆོག་དགོས་འདོད་པའི་མི་རྣམས་བདེའོ། །དེ་ནས་ཁྱོད་རང་ཁོང་གི་འཇིག་རྟེན་གསར་བའི་ནང་དུ་འཚོ་བར་འགྱུར། VVvAC0Io73k-00066-00054394-00055196 དཀོན་མཆོག་གི་བཟང་པོར་དུངས་བའི་མི་རྣམས་བདེའོ། །དེ་ནས་ཁྱོད་ལ་མོད་པོ་འཐོབ་ངེས་ཡིན། VVvAC0Io73k-00067-00055324-00056054 ཡིད་སྐྱོ་བའི་མི་རྣམས་བདེའོ། །ཁྱོད་ལ་སེམས་གསོ་འཐོབ་པར་འགྱུར། VVvAC0Io73k-00068-00056204-00057400 གཞན་ལ་དོན་བཟང་པོ་བྱེད་མཁན་རྣམས་བདེའོ། །དཀོན་མཆོག་གིས་ཀྱང་ཁྱོད་ལ་དེ་བཞིན་མཛད་ངེས་ཡིན། གཞན་རྣམས་མཐུན་པར་བྱེད་པ་རྣམས་བདེའོ། །དེ་ནས་ཁྱོད་རང་དཀོན་མཆོག་གི་བུ་དང་བུ་མོར་འགྱུར་རོ། ། VVvAC0Io73k-00069-00057544-00058055 ཁྱོད་ལ་གཞན་ནས་ཅི་ལྟར་ཐོབ་འདོད་ན་ཁྱོད་ཀྱིས་ཀྱང་མི་གཞན་ལ་དེ་ལྟར་བྱེད་དགོས། VVvAC0Io73k-00070-00058167-00058450 ཁྱོད་ཀྱི་དགྲ་བོ་རྣམས་ལ་བྱམས་ཤིང་ཁོ་ཚོའི་དོན་དུ་སྨོན་ལམ་འདེབས་དགོས། VVvAC0Io73k-00071-00058679-00059005 དོན་བཟང་པོ་གསང་བའི་སྒོ་ནས་བསྒྲུབ་པ་ལས་གཞན་གྱིས་ཤེས་པའི་ཆེད་དུ་བསྒྲུབ་མི་རུང་། VVvAC0Io73k-00072-00059155-00059884 སུ་ཞིག་གིས་བུད་མེད་ཅིག་མཐོང་ནས་མོ་འདོད་པ་ཡིན་ན་མི་དེའི་སེམས་སུ་ལོག་གཡེམ་སྤྱད་པ་ཡིན། VVvAC0Io73k-00073-00059932-00061100 མིག་ནི་ལུས་ཀྱི་འོད་ཡིན་ལ། ཁྱོད་ཀྱི་མིག་གསལ་བོ་ཡིན་ཚེ་ཁྱོད་ཀྱི་ལུས་ཡོངས་ལ་འོད་ཁྱབ་པ་དང་། ཁྱོད་ཀྱི་མིག་རབ་རིབ་ཡིན་ཚེ་ཁྱོད་མུན་ནག་ཁྲོད་དུ་ལུས་པ་ཡིན། VVvAC0Io73k-00074-00061191-00061664 སུ་ཡིན་ཡང་དཀོན་མཆོག་དང་རྒྱུ་ནོར་གཉིས་ལས་གཅིག་ལ་མ་གཏོགས་ཞབས་ཕྱི་བྱེད་མི་ཐུབ། VVvAC0Io73k-00075-00061844-00062600 སང་ཉིན་གྱི་དོན་དུ་སེམས་ཁུར་མ་བྱེད། ཐོག་མར་དཀོན་མཆོག་དང་ཁོང་གི་ཐུགས་དགོངས་འཚོལ་ཞིག་དང་། གཞན་རྣམས་ལྷུན་གྱིས་འགྲུབ་ཡོང་། VVvAC0Io73k-00076-00062755-00063672 ངས་ཅི་སྨྲས་པ་བཞིན་བྱོས་དང་། དེ་ནས་ཁྱོད་ནི་རང་གི་ཁང་པ་རྡོ་ཕ་བོང་སྟེང་བརྩིགས་པའི་མི་དང་མཚུངས་ལ། དེ་བཞིན་མ་བྱས་ན་ཁྱོད་ཀྱི་ཁང་པ་བྱེ་ཐང་དུ་བརྩིགས་པ་དང་འདྲའོ། ། VVvAC0Io73k-00077-00064400-00065164 ཉིན་ཞིག་ལ་མི་རྣམས་ཀཱ་ཕར་ན་ཧུམ་ཡུལ་དུ་སྐྱབས་མགོན་ཡེ་ཤུ་བཞུགས་སའི་ཁང་པའི་མཐའ་ཁོར་ལ་འཚང་ཁ་བརྒྱབ། VVvAC0Io73k-00078-00065564-00065848 རང་ཅག་ཁང་པའི་ནང་འགྲོ་བའི་ལམ་མེད། VVvAC0Io73k-00079-00065976-00066366 ད་ནི་མལ་སྟེན་དང་བཅས་པ་ཁང་ཐོག་ནས་མར་གཏོང་དགོས་རྒྱུ་རེད། VVvAC0Io73k-00080-00066532-00066774 གོང་སར་ཅི་ཞིག་བྱུང་བ་ཡིན་ནམ། VVvAC0Io73k-00081-00066916-00067286 བསྐྱུར་ཞོག གྲོགས་པོ་དེ་རྣམས་ལ་དད་པ་ཆེན་པོ་ལྡན་པ་རེད། VVvAC0Io73k-00082-00067488-00067860 ཁྱོད་ཀྱི་ཉེས་སྐྱོན་ཚང་མ་བསལ་བ་ཡིན། VVvAC0Io73k-00083-00067996-00068370 ཁྱོད་ཀྱིས་ཁོས་བཤད་པ་ཐོས་བྱུང་ངམ། ཁོས་དེ་ལྟར་བཤད་ག་ལ་ཕོད་དམ། VVvAC0Io73k-00084-00068492-00068664 ཁོས་དཀོན་མཆོག་ལ་བསྐུར་བ་འདེབས་བཞིན་འདུག VVvAC0Io73k-00085-00068824-00069150 དཀོན་མཆོག་གཅིག་པུས་སྡིག་པ་བསལ་ཐུབ། VVvAC0Io73k-00086-00069170-00069754 ཁྱོད་ཀྱི་སྡིག་པ་ཚང་མ་བསལ་བ་ཡིན་ཞེས་པའམ་ཡར་ལོངས་ལ་སོང་ཞིག་ཅེས་པ་གཉིས་ལས་གང་ཞིག་སྨྲ་བ་སླའམ། VVvAC0Io73k-00087-00069896-00070854 མཱ་ཤི་ཀ་ལ་སྡིག་པ་བསལ་བའི་དབང་ཡོད། ངས་ད་དུང་ཁྱོད་ལ་མལ་སྟེན་འཁུར་ནས་སོང་ཞིག་ཅེས་སྨྲས་པ་ཡིན། VVvAC0Io73k-00088-00070916-00071162 ཨ་ཡ་མཚན། VVvAC0Io73k-00089-00071248-00071542 ཞ་བོ་འགྲོ་ཐུབ་སོང་། VVvAC0Io73k-00090-00071628-00072134 ང་དྲག་སོང་། སྐྱབས་མགོན་ཡེ་ཤུར་བཀའ་དྲིན་ཞུ། VVvAC0Io73k-00091-00072264-00073044 སྐྱབས་མགོན་ཡེ་ཤུས་དོན་བཟང་མང་པོ་མཛད་པ་དང་། ཤེས་རབ་དང་དབང་གིས་ཕྱུག་པའི་བཀའ་ཡང་གནང་། ཁོང་ནི་བྱམས་སྙིང་རྗེ་ཡི་བདག་པོ་ཡིན། ཡིན་ནའང་མི་ཚང་མ་ཁོང་ལ་དགའ་བ་མ་ཡིན་ཏེ། VVvAC0Io73k-00092-00073136-00074052 བཀའ་ཁྲིམས་སྲུང་བར་གོམས་པའི་འགོ་དཔོན་རྣམས་ཀྱིས་མིག་ཆེ་རུ་བགྲད་ནས་སྐྱབས་མགོན་ཡེ་ཤུས་བཀའ་ཁྲིམས་སྲུང་མིན་ལ་བལྟས་པ་རེད། VVvAC0Io73k-00093-00074124-00074782 དཔེར་ན་ངལ་གསོ་བའི་ཉིན་མོ་སྟེ་བདུན་ཕྲག་གཅིག་གི་ཉིན་དང་པོར་ལས་ཀ་ཅི་ཡང་བྱེད་མི་ཆོག་པ་རེད། VVvAC0Io73k-00094-00074868-00075616 འདིར་ལག་པ་ཞ་བའི་མི་ཞིག་ཡོད་པ་དང་། ཉིན་མོ་འདི་ལ་དོན་བཟང་བསྒྲུབ་ཆོག་གམ་མི་ཆོག VVvAC0Io73k-00095-00075688-00075984 ཁྱོད་ཀྱི་ལག་པ་སྲིངས་ཤིག VVvAC0Io73k-00096-00076424-00076818 ལྟོས་དང་ང་དྲག་ཐལ། VVvAC0Io73k-00097-00076836-00077282 རང་ཅག་གིས་ཡེ་ཤུ་མེད་པར་གཏོང་དགོས་འདུག VVvAC0Io73k-00098-00077366-00078006 ཡེ་རུ་སཱ་ལེམ་གྱི་འགོ་དཔོན་རྣམས་ལ་ཁོས་ཟིང་ཆ་སློང་བཞིན་པ་སྨྲ་དགོས། VVvAC0Io73k-00099-00078404-00079308 སྐྱབས་མགོན་ཡེ་ཤུ་དང་འགོ་དཔོན་རྣམས་བར་གྱི་འབྲེལ་བ་ཛ་དྲག་ཏུ་སོང་བ་ལ། སྐྱབས་མགོན་ཡེ་ཤུ་དེ་རྣམས་དང་ཁ་བྲལ་ནས་རང་གི་ཐུགས་སྲས་རྣམས་དང་མཉམ་དུ་མཚོ་ལ་བསྐྱོད། ཡིན་ནའང་། VVvAC0Io73k-00100-00080108-00080436 གཙོ་བོ་ལགས་རོགས་རམ་བྱེད་པར་མཛོད། རང་ཅག་ཆུས་བསྣུབ་རྒྱུ་རེད། VVvAC0Io73k-00101-00080524-00081040 ཁྱོད་རྣམས་འཇིགས་དོན་ཅི། ཁྱོད་ཅག་གི་དད་པ་གང་ན་ཡོད། VVvAC0Io73k-00102-00081392-00081680 ཁ་རོག་སྡོད་ཅིག ཞི་བར་གྱུར་ཅིག VVvAC0Io73k-00103-00082532-00083068 ཁོང་རྣམ་པས་མཚོ་གྲུ་རབ་ཁར་བཏགས་པ་དང་། རི་འགོ་ནས་སྐད་ངན་ཞིག་གྲགས་ཡོང་བ་ཐོས། VVvAC0Io73k-00104-00083676-00084116 མི་ཁེར་རྐྱང་ཞིག་གནས་དེར་བསྡད་ཡོད་པ་དང་ཁོ་རང་འདྲེས་བཟུང་པ་རེད། VVvAC0Io73k-00105-00084566-00085248 ཁོང་ཕེབས་བྱུང་། VVvAC0Io73k-00106-00085340-00085612 ངོ་མས་ཡེ་ཤུ་ཡིན་འདུག VVvAC0Io73k-00107-00085740-00086046 གདོན་འདྲེ་ཁྱོད་མི་འདི་ལས་ཐོན་ཤོག VVvAC0Io73k-00108-00086096-00086512 བླ་ན་མེད་པའི་དཀོན་མཆོག་གི་སྲས། འུ་གཉིས་ཀྱི་བར་ལ་འབྲེལ་བ་ཅི་ཡོད་དམ། VVvAC0Io73k-00109-00086552-00086628 ཁྱོད་ཀྱི་མིང་ལ་ཅི་ཟེར། VVvAC0Io73k-00110-00086928-00087302 ངེད་རྣམས་ཧ་ཅང་མང་བས་མིང་ལ་ཁྱུ་ཟེར། VVvAC0Io73k-00111-00087376-00087642 ངེད་རྣམས་ཕར་གའི་ཕག་ཁྱུའི་ནང་ལ་ཞུགས་སུ་འཇུག་པར་མཛོད། VVvAC0Io73k-00112-00087824-00087996 སོང་ཞིག VVvAC0Io73k-00113-00088908-00089194 ང་དྲག་ཡག་རེད། VVvAC0Io73k-00114-00089300-00089696 ཕར་སོང་ཞིག ངེད་རྣམས་དང་འབྲལ་བར་གྱིས། VVvAC0Io73k-00115-00089716-00090020 ང་རང་ཁྱེད་དང་མཉམ་དུ་འོང་ཆོག་གམ། VVvAC0Io73k-00116-00090102-00090748 ཁྱོད་ངའི་རྗེས་སུ་མ་ཡོང་འདི་ནས་སྡོད། དཀོན་མཆོག་གིས་ཁྱོད་ཅི་ཞིག་མཛད་པ་མི་རྣམས་ལ་ཤོད། VVvAC0Io73k-00117-00090868-00091628 ངས་ཡབ་ཆེན་པོས་གང་ཞིག་བཅོལ་བ་དེ་ཁོ་ན་སྒྲུབ་པ་ཁྱོད་ཀྱིས་ཤེས་དགོས། ང་ནི་ཁོང་གིས་མངགས་པ་ཡིན། VVvAC0Io73k-00118-00092128-00092536 སྐྱབས་མགོན་ཡེ་ཤུ་ནམ་རྒྱུན་ལྷིང་འཇགས་ཀྱི་གནས་ལ་སྨོན་ལམ་འདེབས་སུ་ཕེབས་པ་རེད། VVvAC0Io73k-00119-00092706-00094076 ཞག་གང་བོར་སྨོན་ལམ་བཏབ་རྗེས་སྐྱབས་མགོན་ཡེ་ཤུས་ཁོང་གི་སྐུ་ཚབ་བཅུ་གཉིས་བདམས་པ་དང་། དེ་རྣམས་གཉིས་རེ་བྱས་ནས་ཕྱི་རུ་མངགས་ཤིང་། གདོན་འདྲེ་ཕྱི་རུ་བསྐྲོད་པ་དང་ནད་གཞི་གསོ་བའི་དབང་ཡང་དེ་རྣམས་ལ་གནང་བ་རེད། VVvAC0Io73k-00120-00094102-00094648 ཁོ་གཉིས་ནི་པེ་ཏྲོ་དང་ཨན་དྲི་ཡཱ་སྤུན་གཉིས་ཀ་རེད། VVvAC0Io73k-00121-00094736-00095222 ཡ་ཀོབ་དང་ཡོ་ཧ་ནན་སྤུན་གཉིས་ཀ VVvAC0Io73k-00122-00095372-00095764 ཕི་ལིབ་དང་ནཱ་ཐན་ཨེལ། VVvAC0Io73k-00123-00095948-00096652 སྔར་རོ་མཱ་བཙན་རྒྱལ་གྱི་དོན་དུ་ཁྲལ་སྡུད་མཁན་ཐོ་མཱ་དང་མད་ཐཱ། VVvAC0Io73k-00124-00096740-00097260 ཐད་དཱ་དང་ཡ་ཀོབ་གཞན་པ། VVvAC0Io73k-00125-00097360-00097806 བརྩོན་འགྲུས་ཅན་སི་མོན་དང་ཨི་སི་ཀར་རེའི་ཡུ་དཱ། VVvAC0Io73k-00126-00098156-00098544 སོང་དང་། སུ་ཞིག་གིས་ཁྱོད་རྣམས་ལ་སྣེ་ལེན་བྱེད་ན་བདག་ལ་སྣེ་ལེན་བྱས་པ་དང་། VVvAC0Io73k-00127-00098740-00099214 བདག་ལ་སྣེ་ལེན་བྱེད་པ་དེས་ང་རང་མངགས་མཁན་ཁོང་ལ་སྣེ་ལེན་བྱས་པ་ཡིན། VVvAC0Io73k-00128-00099674-00100410 སྐུ་ཚབ་བཅུ་གཉིས་པོ་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་ཡོང་བ་དང་། ཁོང་རྣམ་པས་སྐྱབས་མགོན་ཡེ་ཤུས་ཅི་གསུངས་པ་ཐམས་ཅད་བསྒྲུབས་པ་རེད། VVvAC0Io73k-00129-00100652-00101308 དེའི་རྗེས་སུ་སྐྱབས་མགོན་ཡེ་ཤུ་ཁོང་རྣམས་དང་མཉམ་དུ་ལྷིང་འཇགས་ཀྱི་གནས་སུ་ཕེབས་བསམས་ནའང་། མི་ཚོགས་ཀྱིས་ཁོང་རྣམས་མ་བཏང་བ་རེད། VVvAC0Io73k-00130-00101444-00102800 ལྟོས་དང་། ལོ་ཏོག་བརྔ་རན་འདུག ཡིན་ནའང་རྔ་མཁན་ཧ་ཅང་ཉུང་བས་ལོ་ཏོག་བསྡུ་མཁན་མངགས་པའི་ཆེད་དུ་ལོ་ཏོག་གི་བདག་པོར་སྨོན་ལམ་ཐོབས་དང་། VVvAC0Io73k-00131-00103288-00103883 སྐྱབས་མགོན་ཡེ་ཤུས་མུ་མཐུད་དུ་བཀའ་གསུངས་ཤིང་ནད་རྣམས་གསོས་པ་དང་ས་རུབ་ལ་ཉེ། VVvAC0Io73k-00132-00104070-00104738 ཕི་ལིབ། མི་ཚོགས་འདིས་ཁ་ཟས་གང་ནས་རེག་ཐུབ་བམ། ཁྱོད་ཀྱིས་ཁོ་རྣམས་ལ་ཁ་ཟས་སྤྲད་ན་མི་ཆོག་གམ། VVvAC0Io73k-00133-00105124-00105648 རང་ཅག་ལ་དོང་ཙེ་ཉིས་བརྒྱ་ཙམ་ལས་མེད། འདིས་ག་ལ་འདང་། VVvAC0Io73k-00134-00106009-00106538 འདིར་བུ་ཆུང་ཞིག་ལ་བག་ལེབ་ལྔ་དང་ཉ་གཉིས་ཏག་ཏག་ཡོད། VVvAC0Io73k-00135-00106838-00107148 མི་རྣམས་ལྔ་བཅུ་ལྔ་བཅུ་བྱས་ནས་སར་སྡོད་དུ་ཆུགས། VVvAC0Io73k-00136-00107500-00107726 སྐྱབས་མགོན་ཡེ་ཤུས་དཀོན་མཆོག་ལ་བཀའ་དྲིན་ཞུས་པ་དང་། VVvAC0Io73k-00137-00107909-00108204 ཁོང་གིས་བག་ལེབ་བཅག་ནས་ཉ་ཡང་བགོས། VVvAC0Io73k-00138-00109335-00109792 སྐྱབས་མགོན་ཡེ་ཤུས་ཁ་ཟས་མང་དུ་གནང་བ་ལ་མི་སྟོང་ཕྲག་དུ་མས་ཟ་མ་ཟོས། VVvAC0Io73k-00139-00110432-00110840 ཁོང་ཉིད་ངོ་མས་རང་ཅག་ལ་ཁས་བླངས་ཡོད་པའི་མཱ་ཤི་ཀ་ཡིན་འདུག VVvAC0Io73k-00140-00111114-00111326 རང་ཅག་གིས་ཁོང་ཉིད་རྒྱལ་པོར་འཇོག་དགོས། VVvAC0Io73k-00141-00111606-00112028 ལྟོས་དང་། ཁ་ཟས་ད་དུང་སླེ་བོ་བཅུ་གཉིས་ལྷག་འདུག VVvAC0Io73k-00142-00112283-00113285 ད་ནི་མི་རྣམས་རང་རང་གི་ཡུལ་དུ་མངགས་ཤིག ཁྱོད་རྣམས་མཚོ་གྲུར་བསྡད་ནས་མཚོའི་ཕ་རོལ་དུ་སོང་དང་། ང་རང་རི་འགོར་བསྡད་ནས་སྨོན་ལམ་འདེབས་དགོས། VVvAC0Io73k-00143-00113548-00113832 མཚན་མོ་དེར། VVvAC0Io73k-00144-00113976-00114292 ཨ་ཙི། འདྲེ་ཞིག་ཐོན་བྱུང་། VVvAC0Io73k-00145-00114480-00114766 མ་འཇིགས་ཤིག ང་ཡིན། VVvAC0Io73k-00146-00114904-00115300 གཙོ་བོ་ལགས་ཁྱེད་ཡིན་ན་ང་ཆུའི་སྟེང་ནས་ཁྱེད་སར་འགྲོ་བར་གནོངས། VVvAC0Io73k-00147-00115530-00115648 ཤོག་དང་། VVvAC0Io73k-00148-00116625-00116904 གཙོ་བོ་ལགས། ང་སྐྱོབ་ཡ། VVvAC0Io73k-00149-00117106-00117411 པེ་ཏྲོ་ཁྱོད་དོགས་པ་ཟ་དོན་ཅི་ཡིན། VVvAC0Io73k-00150-00117872-00118509 མི་ལ་ལས་སྐྱབས་མགོན་ཡེ་ཤུ་རྒྱལ་པོར་བཀུར་ཞིང་ཁོང་གིས་རོ་མཱ་བཙན་རྒྱལ་ཕྱི་རུ་བསྐྲོད་པར་རེ་བ་བྱས། སྐྱབས་མགོན་ཡེ་ཤུས་མི་རྣམས་ལ་རོགས་རམ་བྱས་ནའང་ཁོང་ལ་མི་དགའ་བའི་མི་ཡང་ཇེ་མང་རེད། VVvAC0Io73k-00151-00118972-00120316 ཆོས་ལུགས་ཀྱི་འགོ་དཔོན་ཚོས་ཁོང་ཉིད་བཀའ་ཁྲིམས་དང་འགལ་བར་བསམས་པ་དང་། མི་ཚོགས་ལ་ངན་སྐུལ་བྱས་ནས་ཁོང་མེད་པར་གཏོང་འདོད་པ་རེད། VVvAC0Io73k-00152-00120892-00121216 གཙོ་བོ་ལགས། ཁྱེད་རང་ནམ་ཞིག་ལ་འདིར་ཕེབས་པ་ཡིན་ནམ། VVvAC0Io73k-00153-00121448-00121811 ངས་ཁྱོད་ལ་ཁ་ཟས་སྤྲད་པས་ཁྱོད་ཀྱིས་ང་འཚོལ་བ་ཡིན་ནམ། VVvAC0Io73k-00154-00122032-00122680 རུལ་རྒྱུ་ཡོད་པའི་ཁ་ཟས་ཀྱི་དོན་དུ་སེམས་ཁུར་མ་བྱེད། རུལ་རྒྱུ་མེད་ལ་མཐའ་མེད་པའི་ཚེ་སྲོག་བསྩོལ་བའི་ཁ་ཟས་དེའི་དོན་དུ་བརྩོན་པ་བྱེད་དགོས། VVvAC0Io73k-00155-00123000-00123706 ང་ནི་མཐའ་མེད་པའི་ཚེ་སྲོག་བསྩོལ་བའི་བག་ལེབ་ཡིན། ངས་མི་རྣམས་ལ་ཚེ་སྲོག་འཐོབ་པའི་ཆེད་དུ་རང་གི་ལུས་པོ་མི་རྣམས་ལ་སྦྱིན་པ་ཡིན། VVvAC0Io73k-00156-00123964-00124382 མི་འདིས་རང་གི་ལུས་པོ་རང་ཅག་ལ་ཟ་བར་གནང་ག་ལ་རུང་། VVvAC0Io73k-00157-00124750-00124904 ཉོག་བཤད་ངོ་མ་རེད། VVvAC0Io73k-00158-00125274-00125364 ཕར་སོང་ཞིག VVvAC0Io73k-00159-00125364-00125659 ཁོས་མི་རྣམས་ལ་འགོ་སྐོར་གཏོང་བ་རང་རེད། VVvAC0Io73k-00160-00125858-00126096 ཁྱོད་རྣམས་ད་དུང་མི་འགྲོའམ། VVvAC0Io73k-00161-00126385-00126956 གཙོ་བོ་ལགས། ཁྱེད་ལ་མཐའ་མེད་པའི་ཚེ་སྲོག་གི་བཀའ་ཡོད་པས། ངེད་རྣམས་གང་དུ་འགྲོའམ། VVvAC0Io73k-00162-00127176-00128844 སྐྱབས་མགོན་ཡེ་ཤུར་འཇིགས་སྐུལ་ཐེབས་ཤིང་མི་ལ་ལས་ཁོང་ལ་རྡོ་ཡིས་རྒྱག་བསམས་པ་རེད། དེ་ནས་ཁོང་ག་ལིལ་ཡུལ་དང་བྲལ་ནས་སྐྱེས་པ་དང་བུད་མེད་རྗེས་འབྲང་བ་སྐོར་ཞིག་དང་མཉམ་དུ་དབྱི་སི་རལ་གྱི་ཡུལ་གཞན་རྣམས་ལ་ཕེབས་ཏེ་འཕྲིན་ལས་མཛད་པ་རེད། VVvAC0Io73k-00163-00128944-00129320 དེའི་རྗེས་སུ་ཁོང་ཡེ་རུ་སཱ་ལེམ་དུ་ཕེབས་པ་རེད། VVvAC0Io73k-00164-00129500-00129664 ལམ་ཁ་ནས། VVvAC0Io73k-00165-00129856-00130148 མི་རྣམས་ཀྱིས་ང་སུ་རེད་ཟེར། VVvAC0Io73k-00166-00130259-00130508 ཁོ་ཚོས་བལྟས་ན་ཁྱེད་ལུང་སྟོན་པ་ཞིག་ཡིན་འདུག VVvAC0Io73k-00167-00130642-00130766 ཁྱོད་ཀྱིས་བལྟས་ན། VVvAC0Io73k-00168-00130908-00131262 ཁྱོད་ཀྱིས་ང་སུ་རེད་འདོད་དམ། VVvAC0Io73k-00169-00131360-00131850 ཁྱེད་ནི་མཱ་ཤི་ཀ་སྟེ་དཀོན་མཆོག་གི་སྲས་ཡིན། VVvAC0Io73k-00170-00131908-00133000 འདི་མི་གཞན་ལ་མ་བཤད། མཱ་ཤི་ཀ་ནི་ཡིན་གཅིག་མིན་གཉིས་ཡེ་རུ་སཱ་ལེམ་དུ་སོང་ནས་སྡུག་བསྔལ་མྱངས་ཏེ་འཆི་དགོས་པ་ཡིན། ཡིན་ནའང་ཉིན་གསུམ་པར་འཆི་བ་ནས་སླར་གསོན་ངེས། VVvAC0Io73k-00171-00133368-00134168 ལམ་ཁར་མི་འགའ་ཤས་ལ་ཉེས་ཆད་བཅད་ནས་ཤིང་རྒྱ་གྲམ་སྟེང་བརྡབས་ཡོད་པ་རེད། དེ་ནི་རོ་མཱ་བཙན་རྒྱལ་གྱི་ཆེས་གདུག་རྩུབ་ཆེ་བའི་ཁྲིམས་ཆད་ཡིན། VVvAC0Io73k-00172-00134281-00135100 སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད་པ་དེས་རང་ཉིད་བློས་བཏང་སྟེ་རང་གི་ཤིང་རྒྱ་གྲམ་འཁུར་ནས་ངའི་རྗེས་སུ་འབྲང་དགོས། VVvAC0Io73k-00173-00135168-00136400 སུ་ཞིག་གིས་རང་སྲོག་གཅེས་སུ་བཟུང་ན་དེས་རང་སྲོག་འཆོར་བ་དང་། སུ་ཞིག་གིས་ངའི་དོན་དུ་རང་སྲོག་བློས་བཏང་ན་དེས་རང་སྲོག་རྙེད་པར་འགྱུར། VVvAC0Io73k-00174-00136468-00136900 དཀོན་མཆོག་གཅིག་ཁོ་ན་ལས་གཞན་མེད་པ་ཁྱོད་ཀྱིས་ཤེས་དགོས། VVvAC0Io73k-00175-00136968-00138068 ཆེས་གལ་ཆེ་བ་ནི་ཁྱོད་ཀྱིས་བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ལ་དགའ་བ་དང་མི་གཞན་ལའང་རང་དང་འདྲ་བར་གཅེས་དགོས། VVvAC0Io73k-00176-00138368-00139356 དབྱི་སི་རལ་ཡུལ་དུ་མཛེ་ནད་ཡོད་པའི་མི་ནི་བཀའ་ཁྲིམས་ལྟར་ན་མི་གཙང་བ་ཡིན་པས་ས་ཆ་གཞན་ཞིག་ཏུ་སྡོད་དགོས་པ་དང་མི་གཞན་གྱིས་རེག་མི་ཆོག་པ་རེད། VVvAC0Io73k-00177-00139640-00139998 མཛེ་ནད་ཅན་གྱིས་ལམ་དུ་འགྲོ་སྐབས་ཡིན་གཅིག་མིན་གཉིས་སྐད་ཆེན་པོས་བརྡ་རྒྱག་དགོས། VVvAC0Io73k-00178-00140444-00140780 ང་མི་གཙང་། ང་མི་གཙང་། VVvAC0Io73k-00179-00141734-00142142 སྐྱབས་མགོན་ཡེ་ཤུ། གཙོ་བོ་ལགས། ངེད་རྣམས་ལ་སྙིང་རྗེ་གནང་བར་མཛོད། VVvAC0Io73k-00180-00142320-00142658 སོང་ནས་རང་ཉིད་མཆོད་དཔོན་ལ་སྟོན་ཅིག VVvAC0Io73k-00181-00142702-00143042 སོང་ནས་མཆོད་དཔོན་ལ་བལྟ་རུ་འཇུག་དགོས་སམ། VVvAC0Io73k-00182-00143214-00143436 ངེད་རྣམས་དྲག་པར་འགྱུར་རམ། VVvAC0Io73k-00183-00144000-00144226 ཨ་ལ་ལ་དྲག་ཡག་རེད། VVvAC0Io73k-00184-00144370-00144534 རང་ཅག་དྲག་སོང་། VVvAC0Io73k-00185-00144676-00144772 ཤོག་ཡ། VVvAC0Io73k-00186-00144920-00145320 ཧ་ལེ་ལོའུ་ཡ། དཀོན་མཆོག་བཟང་པོ་རེད། ཐུགས་རྗེ་ཆེ། VVvAC0Io73k-00187-00145332-00145830 ཁྱོད་རྣམས་བསྡོམས་པས་མི་བཅུ་གཙང་མར་གྱུར་པ་མ་ཡིན་ནམ། གཞན་རྣམས་དཀོན་མཆོག་ལ་བཀའ་དྲིན་ཞུ་རུ་མ་ཡོང་ངམ། VVvAC0Io73k-00188-00146208-00146804 ཡར་ལོངས་དང་། ཁྱོད་ཀྱིས་དད་པས་ཁྱོད་དྲག་ཏུ་བཅུག་པར་མ་ཟད་ཁྱོད་བསྐྱབས་པ་ཡིན། VVvAC0Io73k-00189-00147030-00147700 ཆོས་ལུགས་ཀྱི་འགོ་དཔོན་ཚོས་ཡེ་རུ་སཱ་ལེམ་དུ་མི་མངགས་ནས་སྐྱབས་མགོན་ཡེ་ཤུ་ལ་ལྐོག་ཉན་བྱེད་དུ་བཅུག VVvAC0Io73k-00190-00147808-00148608 ཁོ་རྣམས་སྐྱབས་མགོན་ཡེ་ཤུ་མཐའ་གཅིག་ཏུ་བཟང་པོ་ཡིན་པར་ཡིད་མ་ཆེས་ཏེ། ཁོང་ཉིད་གཏུག་པའི་གླགས་བཙལ་བ་རེད། VVvAC0Io73k-00191-00148708-00149838 སྐྱབས་མགོན་ཡེ་ཤུ་ཁོང་ཉིད་སྨད་འཚོང་མ་དང་རོ་མཱ་བཙན་རྒྱལ་གྱི་དོན་དུ་ཁྲལ་སྡུད་མཁན་སོགས་མིང་ངན་པ་ཅན་རྣམས་ལ་འགྲོགས་པ་རེད། VVvAC0Io73k-00192-00149908-00150408 མཱ་ཤི་ཀ་ནི་བོར་བའི་མི་རྣམས་སྐྱོབ་པར་ཕེབས་པ་རེད། VVvAC0Io73k-00193-00150408-00151108 སྐྱབས་མགོན་ཡེ་ཤུས་ངལ་གསོ་བའི་ཉིན་མོ་སྟེ་ལས་ཀ་བྱེད་མི་ཆོག་པའི་ཉིན་ལ་ནད་པ་དྲག་གསོ་གནང་བ་རེད། VVvAC0Io73k-00194-00151208-00151406 དྲག་པར་གྱུར་ཅིག VVvAC0Io73k-00195-00151408-00151800 བྱིས་པ་རྣམས་ལ་བྱམས་བརྩེ་གནང་། VVvAC0Io73k-00196-00151808-00152508 བྱིས་པ་རྣམས་ངའི་རྩར་ཡོང་དུ་ཆུགས། དཀོན་མཆོག་གི་རྒྱལ་སྲིད་ནི་བྱིས་པ་དང་འདྲ་བའི་མི་རྣམས་ཀྱི་ཡིན། VVvAC0Io73k-00197-00152908-00153666 སྐྱབས་མགོན་ཡེ་ཤུ་གཞན་གྱིས་བོས་ནས་ཡེ་རུ་སཱ་ལེམ་དང་ཉེ་བའི་པེ་ཐན་ཡཱ་གྲོང་སྡེ་རུ་ཕེབས་པ་དང་། ལཱ་ཟར་ལ་ན་ཚ་བྱུང་བ་རེད། VVvAC0Io73k-00198-00153770-00154140 ལཱ་ཟར་དང་ཁོའི་ལྕམ་སྲིང་མར་ཐཱ་དང་མིར་ཡམ་བཅས་ནི་སྐྱབས་མགོན་ཡེ་ཤུའི་གྲོགས་པོ་ཡིན་ལ། VVvAC0Io73k-00199-00154540-00155124 སྐྱབས་མགོན་ཡེ་ཤུ་ཡུལ་དེར་སླེབས་པ་དང་ལཱ་ཟར་ཤི་ནས་དུར་ལ་བཅུག་ནས་ཉིན་བཞི་འགོར་བ་ཐོས། VVvAC0Io73k-00200-00155418-00155556 གཙོ་བོ་ལགས། VVvAC0Io73k-00201-00155732-00156160 ཁྱེད་རང་སྔ་མོ་ནས་འདིར་སླེབས་པ་ཡིན་ན་ངའི་སྤུན་འཆི་བར་མི་སྲིད། VVvAC0Io73k-00202-00156508-00156844 མར་ཐཱ། ཁྱོད་ཀྱི་སྤུན་སླར་གསོན་ངེས་ཡིན། VVvAC0Io73k-00203-00157042-00157496 དེ་ངས་ཤེས་པ་ཡིན། དུས་ཀྱི་མཐའ་མར་ཁོ་སླར་གསོན་པར་འགྱུར། VVvAC0Io73k-00204-00158012-00158900 སླར་གསོན་པ་དང་ཚེ་སྲོག་གཉིས་ཀ་ངའི་ལག་ཏུ་ཡོད། སུ་ཞིག་ང་ལ་དད་ན་དེ་ནི་གསོན་པར་འགྱུར། མར་ཐཱ་ཁྱོད་རང་དེར་ཡིད་ཆེས་སམ། VVvAC0Io73k-00205-00159134-00159954 གཙོ་བོ་ལགས་ང་དེར་ཡིད་ཆེས་པ་ཡིན། ཁྱེད་ནི་དཀོན་མཆོག་གིས་ཕེབས་རྒྱུ་ཡིན་པར་ཁས་བླངས་པའི་མཱ་ཤི་ཀ་དང་དཀོན་མཆོག་གི་སྲས་ཡིན། VVvAC0Io73k-00206-00160320-00160530 ཁྱོད་ཀྱིས་ཁོ་གང་དུ་དུར་ལ་སྦས་པ་ཡིན་ནམ། VVvAC0Io73k-00207-00160782-00161000 གཙོ་བོ་ཁྱེད་ཕེབས་ནས་གཟིགས་རོགས་གནང་། VVvAC0Io73k-00208-00161232-00161508 ལྟོས་དང་། ཁོང་གིས་ཁོ་ལ་ཅི་འདྲ་གཅེས་པ་ལ། VVvAC0Io73k-00209-00161800-00162100 ཡིན་ནའང་ཁོང་གིས་ཁོ་འཆི་བ་འགོག་མི་ཐུབ་པ་ཡིན་ནམ། VVvAC0Io73k-00210-00162490-00163032 ཤི་བོ་དེའི་བེམ་པོ་རས་ཀྱིས་བཏུམས་ནས་བྲག་ངོས་ཀྱི་དུར་ཁུང་ནང་དུ་སྦས་ཡོད་པ་རེད། VVvAC0Io73k-00211-00163288-00163526 རྡོ་རྒན་དེ་ཕར་སྣུར་ཞིག VVvAC0Io73k-00212-00163888-00164306 གཙོ་བོ་ད་ནི་ཉིན་བཞི་འགོར་སོང་བས་དྲི་ངན་བྲོ་འོང་། VVvAC0Io73k-00213-00164480-00164692 ཁྱོད་ཀྱིས་དཀོན་མཆོག་གི་གཟི་བརྗིད་མཇལ་ངེས་ཡིན། VVvAC0Io73k-00214-00164888-00165356 ཡབ་ལགས། མི་འདི་རྣམས་ཀྱིས་ང་སུ་ཡིན་པ་ཤེས་པའི་ཆེད་དུ་ངས་འདི་ལྟར་བྱེད་པ་ཡིན། VVvAC0Io73k-00215-00165474-00165898 ལཱ་ཟར། ཕྱི་རུ་ཐོན་ཤོག VVvAC0Io73k-00216-00166282-00166566 ཁོ་བཀྲོལ་ནས་འགྲོ་རུ་ཆུགས། VVvAC0Io73k-00217-00167734-00168568 ཡེ་རུ་སཱ་ལེམ་གྱི་འགོ་དཔོན་རྣམས་སྐྱབས་མགོན་ཡེ་ཤུ་དང་ཁོང་གི་རྗེས་འབྲང་བ་རྣམས་བཟོད་མི་ཐུབ་པའི་ཚད་ལ་སླེབས་པ་རེད། VVvAC0Io73k-00218-00168728-00169248 མི་དེས་གྲུབ་རྟགས་མང་པོ་སྟོན་བཞིན་འདུག VVvAC0Io73k-00219-00169302-00169876 ང་ཚོས་དོན་འདིར་ཁ་ཡ་མ་བྱས་ན་རོ་མཱ་པ་རྣམས་ཀྱིས་ཐབས་བཀོད་འཐེན་ངེས་ཡིན། VVvAC0Io73k-00220-00169958-00170580 ཁོ་ཚོས་རང་ཅག་གི་མཆོད་ཁང་དང་མི་རིགས་འདི་མེད་པར་གཏོང་ངེས་ཡིན། VVvAC0Io73k-00221-00170650-00171540 འདང་ཞིག་རྒྱོབ་དང་། མི་རིགས་ཡོངས་རྫོགས་མེད་པར་འགྲོ་བ་ལས་མི་གཅིག་ཤི་ཡང་ཅི་མི་སྐྱོན། VVvAC0Io73k-00222-00171654-00172194 དེའི་རྐྱེན་གྱིས་ཡེ་ཤུ་ཞེས་པ་འདི་གསོད་དགོས་འདུག VVvAC0Io73k-00223-00172436-00174288 མི་གཅིག་མི་ཀུན་གྱི་ཆེད་དུ་འཆི་དགོས། རྒྱུ་མཚན་དེའི་དབང་གིས་ཆོས་ལུགས་ཀྱི་འགོ་དཔོན་ཚོས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱེད་པའི་གོ་སྐབས་བཙལ་བ་རེད། ཁོང་ཡེ་རུ་སཱ་ལེམ་དུ་ཕེབས་བཞིན་ཡོད་པ་དང་དེ་སྟབས་འགྲིག་པོ་བྱུང་། ཁོ་ཚོས་རོ་མཱ་པ་རྣམས་ཀྱིས་ཁོང་གསོད་པར་རེ་བ་རེད། VVvAC0Io73k-00224-00174910-00175460 སྐབས་དེར་པེ་ཐན་ཡཱ་རུ་གསོལ་སྟོན་ཞིག་ཡོད་པ་རེད། VVvAC0Io73k-00225-00176030-00176304 མིར་ཡམ། VVvAC0Io73k-00226-00177138-00177718 ཅི་འདྲའི་འཕྲོ་བརླག་ཆེན་པོ་ཞིག དྲི་བཟང་དེ་རིན་གོང་ཆེན་པོ་ཡིན། VVvAC0Io73k-00227-00177860-00178268 རང་ཅག་གིས་དེ་བཙོངས་ནས་རིན་པ་དབུལ་བོ་རྣམས་ལ་བྱིན་ཆོག་པ་ཡིན། VVvAC0Io73k-00228-00178584-00179040 ཡུ་དཱ། མོ་བསྐྱུར་ཞོག མོས་ངའི་དུར་འཇུག་གི་ཆེད་དུ་དྲི་བཟང་འདི་བཞག་པ་རེད། VVvAC0Io73k-00229-00179840-00180676 པེ་སག་གི་དུས་ཆེན་ཐོན་ལ་ཡོད་དུས། མི་རྣམས་ཁྱུ་ཁྱུ་བྱས་ནས་ཡེ་རུ་སཱ་ལེམ་ལ་ཕྱོགས་པ་དང་། ཁོ་ཚོས་མཆོད་ཁང་དུ་མཆོད་པ་འབུལ་དགོས་པ་རེད། VVvAC0Io73k-00230-00181236-00181560 སྐྱབས་མགོན་ཡེ་ཤུ་ཉེན་ཁ་ལ་མ་འཛེམས་པར་གྲོང་ཁྱེར་ནང་དུ་ཕེབས། VVvAC0Io73k-00231-00182050-00182202 མི་རྣམས་ཀྱིས་ཁོང་ལ་དགའ་བསུ་ཆེན་པོ་བྱས། VVvAC0Io73k-00232-00182464-00182804 དགའ་བ་ལ། VVvAC0Io73k-00233-00182804-00183068 ཧོ་ཟན་ན། VVvAC0Io73k-00234-00183076-00183372 དཀོན་མཆོག་གི་མཚན་ནས་བྱོན་པར་བསྟོད་བསྔགས་བརྗོད། VVvAC0Io73k-00235-00183708-00183924 དབྱི་སི་རལ་གྱི་རྒྱལ་པོ། VVvAC0Io73k-00236-00184642-00185298 ཡེ་རུ་སཱ་ལེམ། ཁྱོད་ཀྱིས་ཞི་བདེ་དང་དུ་བླངས་ན་ཅི་མ་རུང་། ཡིན་ནའང་ཁྱོད་ཀྱིས་དེ་མི་འདོད། VVvAC0Io73k-00237-00185920-00186180 ས་འཛམ་བུ་གླིང་ཁོས་རྗེས་སུ་འབྲང་བ་རེད། VVvAC0Io73k-00238-00186494-00186928 ཁོས་འདི་མཚམས་འཇོག་དགོས། VVvAC0Io73k-00239-00187000-00187438 རྒྱལ་སའི་མཆོད་ཁང་ནི་ཡ་ཧུ་དཱའི་ཆོས་ལུགས་ཀྱི་དཀྱིལ་སྙིང་ཡིན། VVvAC0Io73k-00240-00187770-00188114 པེ་སག་གི་དུས་ཆེན་ལ་ལུ་གུ་རྣམས་བཤའ་བ་རེད། VVvAC0Io73k-00241-00188368-00188822 མི་རྣམས་ཀྱི་སྡིག་པ་བཤགས་པའི་ཆེད་དུ་ལུ་གུ་རྣམས་མཆོད་ཁང་དུ་མཆོད་པར་འབུལ་བ་ཡིན། VVvAC0Io73k-00242-00189398-00190040 ཡིན་ནའང་ལུ་གུ་ག་འདྲ་ཞིག་གིས་ད་གཟོད་མི་རྣམས་ཉེས་པ་དང་ངོ་ཚ། འཇིགས་སྣང་། ཉེས་ཆད་བཅས་ནས་སྒྲོལ་ཐུབ་བམ། VVvAC0Io73k-00243-00190604-00191120 མཆོད་ཁང་གི་ལྷས་ར་ནང་དུ་མི་རྣམས་ཀྱིས་དངུལ་བརྗེ་བཞིན་འདུག VVvAC0Io73k-00244-00191686-00191950 གློ་བུར་དུ་སྐྱབས་མགོན་ཡེ་ཤུ་དེར་སླེབས་པ་རེད། VVvAC0Io73k-00245-00193736-00194378 དཀོན་མཆོག་གི་མཆོད་ཁང་ནི་སྨོན་ལམ་འདེབས་ས་ཡིན་མོད། ཁྱོད་ཚོས་འདི་ཇག་ཚང་ཞིག་ཏུ་བསྒྱུར་འདུག VVvAC0Io73k-00246-00194852-00195262 ཁོ་ནི་མི་ཉེན་ཁ་ཅན་ཞིག་རེད། ཡིན་ནའང་མི་རྣམས་ཁོའི་སྐད་ཆ་རེ་རེར་ཡིད་ཆེས་པ་རེད། VVvAC0Io73k-00247-00195624-00195896 ང་ཚོས་མགྱོགས་མྱུར་ངང་ཁོ་མེད་པར་གཏོང་བའི་གོ་སྐབས་ཤིག་བཙལ་དགོས། VVvAC0Io73k-00248-00197156-00197678 ང་ཚོས་ཁོ་འཛིན་བཟུང་བྱེད་པའི་བདེན་དཔང་ཞིག་གྲ་སྒྲིག་བྱས་ན་དེ་ནས་ཁོ་གསོད་ཐུབ་པ་ཡིན། VVvAC0Io73k-00249-00197844-00198194 ཡིན་ནའང་དུས་ཆེན་གྱི་སྐབས་སུ་དེ་ལྟར་བྱེད་མི་རུང་། པེ་སག་གི་དུས་ཆེན་ལ་ཟིང་ཆ་མ་སློང་། VVvAC0Io73k-00250-00198528-00198724 ཁོའི་དོན་དུ་ཁྱོད་ཚོས་ང་ལ་དངུལ་ག་ཙམ་སྟེར་བ་ཡིན་ནམ། VVvAC0Io73k-00251-00199058-00199280 ག་ཡེ་ཤུའི་སློབ་མ་ནང་གི་ཡ་ཧུ་དཱ་རེད། VVvAC0Io73k-00252-00199958-00200182 ངས་ཡེ་ཤུ་ཁྱོད་རྣམས་ལ་སྤྲོད་པར་བྱ། VVvAC0Io73k-00253-00200562-00201090 ང་ཚོས་ཡེ་ཤུའི་དོན་དུ་ཁྱོད་ལ་བྲན་གཡོག་ཅིག་གི་རིན་པ་སྟེ་དངུལ་སྒོར་སུམ་ཅུ་སྟེར། VVvAC0Io73k-00254-00201794-00202238 པེ་སག་གི་དུས་ཆེན་ལ་མ་ཐོན་གོང་གི་ཉིན་དེ་ཚོར་སྐྱབས་མགོན་ཡེ་ཤུས་མཆོད་ཁང་ནང་ནས་མི་རྣམས་ལ་ཆོས་གསུངས་པ་རེད། VVvAC0Io73k-00255-00202338-00203108 ཁོང་གིས་ཡེ་རུ་སཱ་ལེམ་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་དང་མི་རྣམས་བྲོས་ནས་ཕྱོགས་བཞིར་ཐོར་བ་ཤེས། ཡིན་ནའང་ཁོང་གིས་མི་རྣམས་ལ་སྔར་བཞིན་སྙིང་ཉེ་བ་ཡིན། VVvAC0Io73k-00256-00203416-00203870 ཁོང་གིས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ལ་པེ་སག་གི་དུས་ཆེན་གྱི་དགོང་ཟས་གྲ་སྒྲིག་བྱེད་དུ་བཅུག VVvAC0Io73k-00257-00205010-00205492 ས་རུབ་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་བཅུ་གཉིས་པོ་གྲོང་ཁྱེར་ནས་མཉམ་དུ་འཛོམས། VVvAC0Io73k-00258-00205867-00206002 དེ་དགོང་ངས་དོན་དེ་བསྒྲུབ་དགོས། VVvAC0Io73k-00259-00206888-00207292 ངས་སྡུག་བསྔལ་མ་མྱང་སྔོན་ལ་ཁྱོད་རྣམས་དང་མཉམ་དུ་པེ་སག་གི་དུས་ཆེན་གྱི་དགོང་ཟས་འདི་བཟའ་བར་རེ་སྒུག་བྱས་པ་ཡིན། VVvAC0Io73k-00260-00207804-00208398 འཇིག་རྟེན་འདིར་དབང་ཡོད་པ་རྣམས་ཀྱིས་མི་གཞན་རྣམས་རང་གི་གཡོག་ཏུ་བཀོལ་བ་ཡིན། ཡིན་ནའང་ཁྱོད་རྣམས་ནི་དེ་ལས་ལྡོག་པ་ཡིན་དགོས། VVvAC0Io73k-00261-00208764-00209092 ཁྱོད་རྣམས་ལས་སུ་ཞིག་གིས་ཞབས་ཕྱི་མང་དུ་བསྒྲུབས་ན་དེ་ནི་འགོ་དཔོན་ཡིན། VVvAC0Io73k-00262-00209516-00209754 ང་རང་ཁྱོད་རྣམས་ཀྱི་གྲས་སུ་ཞབས་ཕྱི་ཡིན། VVvAC0Io73k-00263-00210100-00210648 གཙོ་བོ་ལགས། ཁྱེད་ཀྱིས་གཡོག་པོ་ཞིག་དང་འདྲ་བར་ངའི་རྐང་པ་བཀྲུ་རྒྱུ་ཡིན་ནམ། དེ་འདྲ་དཔེ་ག་ལ་སྲིད། VVvAC0Io73k-00264-00210784-00211106 པེ་ཏྲོ། ངས་ཁྱོད་མ་བཀྲུས་ན་ཁྱོད་རང་ང་ལ་གཏོགས་པ་མིན། VVvAC0Io73k-00265-00211482-00211769 གཙོ་བོ་ལགས། དེས་ན་ངའི་མགོ་དང་ལག་པའང་བཀྲུ་བར་མཛོད། VVvAC0Io73k-00266-00212086-00212478 སུ་ཞིག་གིས་ཁྲུས་བྱས་ན་རྐང་པ་བཀྲུས་ཚར་རྗེས་ཡོངས་སུ་གཙང་མ་ཡིན། VVvAC0Io73k-00267-00212866-00213204 ཁྱོད་ཀྱིས་ང་ལ་དགེ་རྒན་དང་གཙོ་བོ་ཞེས་འབོད་པ་ནི་བདེན་པ་ཡིན། VVvAC0Io73k-00268-00213392-00213926 ངས་ཁྱོད་རྣམས་ཀྱི་རྐང་པ་བཀྲུས་པས་ཁྱོད་ཅག་གིས་ཀྱང་དེ་དང་དེ་བཞིན་དུ་ཕན་ཚུན་ལ་ཞབས་ཕྱི་བསྒྲུབ་དགོས། VVvAC0Io73k-00269-00214132-00214317 ཁྱོད་རྣམས་ལས་གཅིག་གིས་ང་ལ་ངོ་ལོག་བྱེད་པར་འགྱུར། VVvAC0Io73k-00270-00214628-00214766 དེ་འདྲ་ག་ལ་ཡིན། VVvAC0Io73k-00271-00215034-00215166 མི་དེ་ང་རང་ཡིན་མི་སྲིད། VVvAC0Io73k-00272-00215310-00215706 ཡུ་དཱ། ཁྱོད་ཀྱིས་བསྒྲུབ་འདོད་པ་དེ་ལམ་སེང་སྒྲུབས་ཤིག VVvAC0Io73k-00273-00215948-00216948 རྒྱུན་པར་འདི་ལྟར་བྱས་ནས་ང་ལ་དྲན་གསོ་བྱེད་དགོས། VVvAC0Io73k-00274-00217302-00217621 བག་ལེབ་འདི་ཟོ་དང་། འདི་ནི་ངའི་ལུས་པོ་ཡིན། VVvAC0Io73k-00275-00217916-00218476 རྒུན་འབྲུམ་གྱི་ཁུ་བ་འདི་འཐུང་ཞིག འདི་ནི་ངའི་ཁྲག་ཡིན་ལ་ཁྱོད་ཚོའི་སྡིག་པ་བསལ་བའི་ཆེད་དུ་བཞུར་བ་ཡིན། VVvAC0Io73k-00276-00218544-00218871 འདི་བརྒྱུད་ནས་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་ཆད་གསར་བ་ཞིག་འཇོག་པ་ཡིན། VVvAC0Io73k-00277-00219119-00219634 ངས་ཁྱོད་རྣམས་ལ་བཀའ་གསར་བ་ཞིག་གནང་སྟེ། ངས་ཁྱོད་རྣམས་ལ་བྱམས་པ་བཞིན་ཕན་ཚུན་ལ་གཅེས་དགོས། VVvAC0Io73k-00278-00219976-00220582 གལ་ཏེ་ངའི་བྱམས་པ་ཁྱོད་ཚོའི་ཁྲོད་དུ་ཡོད་ན། འཇིག་རྟེན་གྱི་མི་ཀུན་གྱིས་ཁྱོད་རྣམས་ང་ལ་གཏོགས་པ་ཤེས་ཡོང་། VVvAC0Io73k-00279-00220640-00221154 གཙོ་བོ་ལགས། ང་ཁྱེད་ཀྱི་རྗེས་སུ་འབྲངས་ནས་རང་སྲོག་ཁྱེད་ལ་འབུལ་རྒྱུ་ཡིན། VVvAC0Io73k-00280-00221426-00221946 པེ་ཏྲོ། བྱ་ཕོ་མ་གྲགས་གོང་དུ་ཁྱོད་ཀྱིས་ཐེངས་གསུམ་ལ་ང་རང་ཁས་མི་ལེན། VVvAC0Io73k-00281-00222860-00223512 མཚན་མོ་དེར་སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་ཡེ་རུ་སཱ་ལེམ་དང་ཁ་བྲལ་ནས་སོང་ཞིང་། ཡུ་དཱ་ཁོང་རྣམས་དང་མཉམ་དུ་མེད་པ་རེད། VVvAC0Io73k-00282-00223684-00224126 ང་ཁྱོད་རྣམས་དང་ཁ་འབྲལ་དགོས། ཡིན་ནའང་ཡབ་ཀྱིས་ཁོང་གི་དམ་པའི་ཐུགས་ཉིད་ཁྱོད་ཚོར་གནང་ངེས་ཡིན་ལ། VVvAC0Io73k-00283-00224262-00224564 ཁོང་གིས་ཁྱོད་རྣམས་ལ་རོགས་བྱེད་ཅིང་ནམ་ཡིན་ཡང་ཁྱོད་ཚོ་དང་མཉམ་དུ་བཞུགས་པ་ཡིན། VVvAC0Io73k-00284-00224964-00225464 ང་རང་འགྲོ་སའི་ལམ་བུ་དེ་ཁྱོད་ཅག་གིས་ཤེས་པ་ཡིན། VVvAC0Io73k-00285-00225469-00226240 ང་ནི་ལམ་དང་བདེན་པ་ཉིད། ཚེ་སྲོག་བཅས་ཡིན་ལ། ང་རང་མ་བརྒྱུད་པར་སུ་ཡིན་ཡང་ཡབ་ཀྱི་དྲུང་དུ་འགྲོ་མི་ཐུབ། VVvAC0Io73k-00286-00226326-00226671 ཁྱོད་རྣམས་འདིར་སྡོད་དང་། ང་ཕ་གར་སྨོན་ལམ་འདེབས་སུ་འགྲོ། VVvAC0Io73k-00287-00226819-00227269 ང་ཡི་ཡབ་ཆེན་ལགས། གལ་ཏེ་སྲིད་ན་སྡུག་བསྔལ་འདི་ང་ནས་ལེན་པར་མཛོད། VVvAC0Io73k-00288-00227326-00227716 ཡིན་ནའང་ངའི་བསམ་ཚུལ་ལྟར་མ་ཡིན་པར་ཁྱེད་ཀྱི་དགོངས་པ་བཞིན་གྲུབ་གྱུར་ཅིག VVvAC0Io73k-00289-00228082-00228614 ཁྱོད་རྣམས་སྐབས་འདིར་གཉིད་ནས་སྡོད་པ་ཅི་ཡིན་ནམ། ཡར་ལོངས་དང་། ང་ལ་ངོ་ལོག་བྱེད་མཁན་དེ་འདི་རུ་སླེབས་འདུག VVvAC0Io73k-00290-00228971-00229180 ངས་སུ་ལ་འགྲམ་པ་གླན་ན་དེ་ཟུངས་ཤིག VVvAC0Io73k-00291-00229398-00229528 གཙོ་བོ་ལགས། VVvAC0Io73k-00292-00229692-00230078 ཡུ་དཱ། ཁྱོད་ཀྱིས་འགྲམ་པ་གླན་ནས་མཱ་ཤི་ཀ་ལ་ངོ་ལོག་བྱེད་དམ། VVvAC0Io73k-00293-00230258-00230734 སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་རང་ཉིད་འཛིན་དུ་བཅུག་པ་ལ། ཁོང་གི་རྗེས་འབྲང་བ་རྣམས་ཕྱོགས་བཞིར་བྲོས་པ་རེད། VVvAC0Io73k-00294-00230916-00231630 སྐྱབས་མགོན་ཡེ་ཤུ་ཡ་ཧུ་དཱ་པའི་འགོ་དཔོན་ཀུན་གྱི་འགོ་བ་སྟེ་མཆོད་དཔོན་ཆེན་པོའི་རྩར་ཁྲིད་པ་དང་། པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀ་ཐག་རིང་ནས་ཁོང་གི་རྗེས་སུ་འབྲངས་པ་རེད། VVvAC0Io73k-00295-00231717-00231928 པེ་ཏྲོ་འཇབ་ནས་ལྷས་ར་ནང་དུ་ཐོན། VVvAC0Io73k-00296-00232096-00232252 ཁྱོད་ཀྱང་ཁོང་དང་མཉམ་དུ་ཡོད་པ་མ་ཡིན་ནམ། VVvAC0Io73k-00297-00232538-00232794 ཆེ་ཡིན། ངས་མི་འདི་ངོ་ཡང་མི་ཤེས། VVvAC0Io73k-00298-00232990-00233346 ངས་ཁྱོད་ཀྱང་ཁོང་རྣམས་གྲས་ཀྱི་ཡིན་པ་ཐག་གིས་ཆོད། ཁྱོད་ག་ལིལ་ཡུལ་གྱི་མི་རེད། VVvAC0Io73k-00299-00233619-00233844 ངས་ཁྱོད་ཀྱིས་ཅི་བཤད་པ་མི་ཤེས། VVvAC0Io73k-00300-00234046-00234517 གང་གང་། གང་གང་། VVvAC0Io73k-00301-00235546-00235938 ད་ནི་ཁྱོད་ལ་རྡུང་མཁན་སུ་ཡིན་པ་ངེད་རྣམས་ལ་ཤོད་ཅིག VVvAC0Io73k-00302-00236071-00236750 ཕྱི་ཉིན་ཞོགས་པར་སྐྱབས་མགོན་ཡེ་ཤུ་ཡ་ཧུ་དཱ་པའི་འགོ་དཔོན་རྣམས་ཚོགས་སའི་ཚོགས་ཁང་དུ་ཁྲིད་པ་དང་། མཆོད་དཔོན་ཆེན་པོས་ཁོང་ལ་འདྲི་གཅོད་བྱས་པ་རེད། VVvAC0Io73k-00303-00236838-00237069 ཁྱོད་དཀོན་མཆོག་གི་སྲས་ཡིན་ནམ། VVvAC0Io73k-00304-00237216-00237348 ཁྱོད་ཀྱིས་བཤད་པ་ལྟར་ཡིན། VVvAC0Io73k-00305-00237498-00238034 ཁོས་དཀོན་མཆོག་ལ་བསྐུར་བ་འདེབས་པ་རེད། ཁོ་ནི་འཆི་འོས་པ་ཡིན། ཁོ་རོ་མཱ་པ་རྣམས་ལ་གསོད་དུ་ཆུགས། VVvAC0Io73k-00306-00238210-00238544 དེ་ནས་སྐྱབས་མགོན་ཡེ་ཤུ་རོ་མཱ་བཙན་རྒྱལ་གྱི་སྤྱི་དཔོན་པི་ལ་ཏུ་ཡི་རྩར་ཁྲིད་པ་དང་། VVvAC0Io73k-00307-00238760-00239319 ཡ་ཧུ་དཱའི་འགོ་དཔོན་རྣམས་ཀྱིས་མི་ཚོགས་ལ་ངན་སྐུལ་བྱས་ཤིང་དེ་རྣམས་ཀྱིས་སྐད་ལ་བརྒྱབ་ནས་ཁོང་གཏུག་པ་རེད། VVvAC0Io73k-00308-00239796-00240146 ཁོ་ཚོས་འདི་ལྟར་གཏུག་པ་ལ་ཁྱོད་བཤད་རྒྱུ་ཅི་ཡོད། ཅི་ཡང་མི་བཤད་དམ། VVvAC0Io73k-00309-00240292-00240426 ཁྱོད་ཀྱིས་ཅི་བྱས་པ་ཡིན་ནམ། VVvAC0Io73k-00310-00240528-00240780 ང་ནི་བདེན་པ་ཉིད་ལ་བདེན་དཔང་བྱེད་དུ་ཡོང་བ་ཡིན། VVvAC0Io73k-00311-00240923-00241071 བདེན་པ་ཉིད་ནི་ཅི་ཡིན་ནམ། VVvAC0Io73k-00312-00241206-00242121 ངས་མི་འདི་ལས་སྐྱོན་ཅི་ཡང་མ་རྙེད་ཐལ། ད་ནི་པེ་སག་གི་དུས་ཆེན་ཡིན་པས་ངས་པ་རབ་པཱ་དང་ཡ་ཧུ་དཱ་པའི་རྒྱལ་པོ་འདི་གཉིས་ལས་སུ་ཞིག་བཙོན་གྲོལ་གཏོང་ངམ། VVvAC0Io73k-00313-00242198-00242334 པ་རབ་པཱ། VVvAC0Io73k-00314-00242369-00242584 པ་རབ་པཱ་བཙོན་གྲོལ་གཏོང་རོགས། VVvAC0Io73k-00315-00242704-00242894 དེས་ན་ཡེ་ཤུ་ཟེར་བ་འདི་ལ་ངས་ཅི་བྱའམ། VVvAC0Io73k-00316-00242944-00243084 ཤིང་རྒྱ་གྲམ་སྟེང་རྡོབས་ཤིག VVvAC0Io73k-00317-00243136-00243336 ཁོས་རང་ཉིད་རྒྱལ་པོ་ཡིན་ཟེར། VVvAC0Io73k-00318-00243536-00243878 གལ་ཏེ་ཁྱོད་ཀྱིས་ཁོ་བཙོན་གྲོལ་བཏང་ན། ཁྱོད་ནི་སེ་བཟིར་གྱི་གྲོགས་པོ་མིན། VVvAC0Io73k-00319-00244026-00244660 དེ་ནས་པ་རབ་པཱ་སྐྱབས་མགོན་ཡེ་ཤུའི་ཚབ་ཏུ་བཙོན་གྲོལ་བཏང་བ་དང་། ཁོ་ནི་ཟིང་ཆ་བསླངས་ནས་མི་གསོད་མཁན་ཞིག་རེད། VVvAC0Io73k-00320-00245142-00245412 མི་འདིའི་ཁྲག་བཞུར་བའི་ཐད་ང་ལ་ཉེས་པ་མེད། VVvAC0Io73k-00321-00245714-00245952 སྤྲོ་བ་ལ། ཡ་ཧུ་དཱ་པའི་རྒྱལ་པོ། VVvAC0Io73k-00322-00246208-00247848 མི་འདིར་ལྟོས་ཤིག VVvAC0Io73k-00323-00248269-00248436 ཁོ་ཤིང་རྒྱ་གྲམ་སྟེང་རྡོབས་ཤིག VVvAC0Io73k-00324-00248508-00248654 ཁོ་སོད་ཅིག VVvAC0Io73k-00325-00248819-00248958 ཁོ་ཤིང་རྒྱ་གྲམ་སྟེང་རྡོབས་ཤིག VVvAC0Io73k-00326-00249754-00250582 པི་ལ་ཏུ་ཡིས་བྱང་བུ་སྟེང་མིང་ཞིག་བཀོད་པ་དང་། སྐྱབས་མགོན་ཡེ་ཤུས་ཤིང་རྒྱ་གྲམ་འཁུར་ནས་ཡེ་རུ་སཱ་ལེམ་གྱི་སྲང་ལམ་རྣམས་བརྒྱུད་ནས་ཕེབས་པ་རེད། VVvAC0Io73k-00327-00251144-00252144 ཉེས་ཆད་གཅོད་ས་ནི་གྲོང་ཁྱེར་གྱི་མཁར་ཕྱི་རུ་ཡོད་པ་དང་། སྒང་རི་དེའི་མིང་ལ་གོལ་གོ་ཐཱ་ཞེས་ཟེར་ཞིང་མགོ་སྐོགས་གནས་ཞེས་པའི་དོན་ཡིན། VVvAC0Io73k-00328-00252256-00252632 གནས་དེ་རུ་དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་གདུང་མའི་སྟེང་དུ་བརྡབས་པ་རེད། VVvAC0Io73k-00329-00253432-00253880 སྐབས་དེར་ཡུ་དཱ་རང་གིས་ཅི་བྱས་པ་དེའི་ཕྱིར་གནོང་འགྱོད་སྐྱེས་པ་རེད། VVvAC0Io73k-00330-00253896-00254090 ངས་ཉེས་མེད་ལ་ཁྲག་བཞུར་ཏུ་བཅུག་པ་རེད། VVvAC0Io73k-00331-00254398-00254714 དེ་ང་དང་འབྲེལ་བ་ཅི་ཡོད་དམ། ཁྱོད་རང་གིས་དེར་འགན་འཁུར་དགོས། VVvAC0Io73k-00332-00255802-00256190 སྐྱབས་མགོན་ཡེ་ཤུ་ཉེས་ཅན་གཉིས་ཀྱི་དཀྱིལ་ནས་ཤིང་རྒྱ་གྲམ་སྟེང་བརྡབས་པ་རེད། VVvAC0Io73k-00333-00256373-00256856 ཡབ་ལགས། ཁོ་རྣམས་ཀྱིས་རང་གིས་ཅི་བྱེད་པ་མི་ཤེས་པས་དགོངས་ཡངས་གནང་བར་མཛོད། VVvAC0Io73k-00334-00257016-00257852 ཤིང་རྒྱ་གྲམ་གྱི་གོང་དུ་བཀལ་བའི་ཤིང་བྱང་སྟེང་དུ་ཡིག་རིགས་གསུམ་གྱིས། ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཤུ་ཞེས་བྲིས་ཡོད་པ་རེད། VVvAC0Io73k-00335-00258490-00258742 དམག་མི་རྣམས་ཀྱིས་ཁོང་གི་ན་བཟའ་རྒྱན་འཕངས་པ་རེད། VVvAC0Io73k-00336-00258926-00259308 གལ་ཏེ་ཁྱོད་དཀོན་མཆོག་གི་སྲས་ཡིན་ན་ཤིང་རྒྱ་གྲམ་ནས་མར་བོབས་དང་། VVvAC0Io73k-00337-00259573-00259906 འོ་ལེ། ཁོས་གཞན་རྣམས་བསྐྱབས་པ་མ་ཡིན་ནམ། VVvAC0Io73k-00338-00260082-00260346 ཁྱེད་ཀྱིས་རང་ཉིད་དང་ངེད་གཉིས་ཀའང་སྐྱོབ་ཅིག VVvAC0Io73k-00339-00260532-00261312 དཀོན་མཆོག་ལ་བཀུར་བར་གྱིས་ཤིག འུ་གཉིས་ལ་འདི་འབབ་པ་ཡིན། ཡིན་ནའང་མི་འདིས་སྡིག་ཉེས་ཅི་ཡང་བསགས་མྱོང་མེད། VVvAC0Io73k-00340-00261446-00261742 ཁྱེད་ཉིད་རང་གི་རྒྱལ་སྲིད་ནང་སླེབས་དུས་ང་ཐུགས་སུ་འཛིན་རོགས་གནང་། VVvAC0Io73k-00341-00261878-00262326 ངས་ཁྱོད་བདེན་པར་སྨྲ་སྟེ། དེ་རིང་ཁྱོད་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབ་ངེས་ཡིན། VVvAC0Io73k-00342-00262720-00263244 ཉིན་གུང་ནས་བཟུང་དུས་ཚོད་གསུམ་གྱི་རིང་ལ་ས་ཆ་ཡུལ་ཕྱོགས་དེར་མུན་ནག་འཐིབས་པ་རེད། VVvAC0Io73k-00343-00263390-00263936 སྐྱབས་མགོན་ཡེ་ཤུའི་མ་ཡུམ་དང་ཁོང་གི་ཐུགས་སྲས་ཡོ་ཧ་ནན་གཉིས་ཀས་ཡར་བལྟས་པ་ན། VVvAC0Io73k-00344-00264162-00264448 ད་ནི་ཁྱོད་གཉིས་ཀ་མ་བུ་ཡིན། VVvAC0Io73k-00345-00264780-00265260 ང་ཡི་དཀོན་མཆོག ང་ཡི་དཀོན་མཆོག ཁྱེད་ཀྱིས་ང་རང་བསྐྱུར་དོན་ཅི། VVvAC0Io73k-00346-00265292-00265476 ང་ཁ་སྐོམ་འདུག VVvAC0Io73k-00347-00265558-00265984 ཡབ་ལགས། ངས་རང་གི་རྣམ་ཤེས་ཁྱེད་ཀྱི་ཕྱག་ལ་བཅོལ་བ་ཡིན། VVvAC0Io73k-00348-00266216-00266482 ད་ནི་འགྲུབ་སོང་། VVvAC0Io73k-00349-00267278-00267588 སྐྱབས་མགོན་ཡེ་ཤུ་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་སྐུ་གཤེགས་པ་དང་། VVvAC0Io73k-00350-00267654-00268432 དམག་ཞིག་གིས་ཁོང་གི་རྩིབ་གཞོགས་ལ་མདུང་གིས་བཙུགས་པ་ལ་ཆུ་དང་ཁྲག་གཉིས་ཀ་ཐོན། ཁོང་གི་སྙིང་གས་པ་རེད། VVvAC0Io73k-00351-00268870-00269388 གསུང་རབ་ཀྱི་མདོ་ལ། ཁོང་ནི་བཤས་ལུག་ལྟར་གྱུར་བ་ཡིན་ཞེས་གསུངས་ཡོད། VVvAC0Io73k-00352-00269686-00270254 རང་ཅག་གི་ཉེས་སྐྱོན་གྱི་རྐྱེན་གྱིས་ཁོང་ལ་གནོད་འཚེ་ཐེབས་ཤིང་། ང་ཚོའི་སྡིག་པའི་ཕྱིར་ཁོང་བཀྲོངས་པ་ཡིན། VVvAC0Io73k-00353-00270376-00270876 ཁོང་ནི་ཕེབས་རྒྱུ་ཡིན་པའི་མཱ་ཤི་ཀ་ཡིན་ནམ་ཅི། VVvAC0Io73k-00354-00270876-00271216 ཤོག་དང་། ཁོང་དུར་དུ་སྦས་ཆོག་མིན་ལ་བལྟ་འོང་། VVvAC0Io73k-00355-00271448-00272108 ཨ་རི་མ་ཐཱ་ཡི་ཡོ་སེབ་དང་ནེ་ཀོ་དེམ་གཉིས་ཀྱིས་སྐྱབས་མགོན VVvAC0Io73k-00356-00272336-00272870 ་ཡེ་ཤུའི་སྐུ་གདུང་བླངས་ཏེ་སོ་རས་སྲབ་བུས་དཀྲིས༌རྗེས་བྲག་ངོས་སུ་བརྐོས་ཡོད་པའི་དུར་ཁུང་དུ་སྦས། VVvAC0Io73k-00357-00273462-00274338 པེ་སག་གི་དུས་ཆེན་གྱི་ངལ་གསོ་བའི་ཉིན་མོ་མཇུག་རྫོགས་རྗེས་བུད་མེད་འགའ་ཞིག་དུར་ཁུང་ཡོད་སར་སོང་། VVvAC0Io73k-00358-00274564-00274914 དུར་ཁུང་ཁ་ཡི་རྡོ་རྒན་ཕར་བསྒྲིལ་ཟིན་པ་རེད། VVvAC0Io73k-00359-00275284-00275582 ཁྱོད་རྣམས་ཀྱིས་གསོན་པོ་དེ་ཤི་བོའི་གྲས་ནས་འཚོལ་བ་ཅི་ཡིན། ཁོང་སླར་གསོན་པ་ཡིན། VVvAC0Io73k-00360-00275712-00276106 སོང་ནས་ཁོང་གི་ཐུགས་སྲས་རྣམས་ལ་ཤོད་ཅིག VVvAC0Io73k-00361-00276598-00277080 ཐུགས་སྲས་རྣམས་ཀྱིས་དེ་གོ་མ་ཐག པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀ་དུར་ཁུང་གི་ཕྱོགས་སུ་རྒྱུགས། VVvAC0Io73k-00362-00277834-00277954 ཅི་བྱུང་བ་ཡིན་ནམ། VVvAC0Io73k-00363-00278094-00278318 དུར་ཁུང་སྟོང་བ་སྟོང་རྐྱང་རེད། VVvAC0Io73k-00364-00279048-00279278 དུར་ཁུང་ཕྱི་རོལ་གྱི་ལྡུམ་རའི་ནང་དུ། VVvAC0Io73k-00365-00280044-00280420 བུད་མེད། ཁྱོད་ངུ་དོན་ཅི་ཡིན། ཁྱོད་ཀྱིས་སུ་འཚོལ་བ་ཡིན་ནམ། VVvAC0Io73k-00366-00280522-00280844 ལྡུམ་རའི་བདག་གཉེར་ལགས། ཁྱེད་ཀྱིས་ཁོང་གི་སྐུ་གདུང་འཁྱེར་བ་ཡིན་ནམ། VVvAC0Io73k-00367-00280972-00281072 མིར་ཡམ། VVvAC0Io73k-00368-00281364-00281486 གཙོ་བོ་ལགས། VVvAC0Io73k-00369-00281964-00282980 ང་ལ་མ་འཇུ་ཞིག སོང་ནས་ངའི་སྤུན་མཆེད་རྣམས་ལ་ང་རང་ནི་ཁྱོད་ཅག་གི་ཡབ་ཀྱང་ཡིན་པའི་བདག་གི་ཡབ་དང་། ཁྱོད་ཅག་གི་དཀོན་མཆོག་ཀྱང་ཡིན་པའི་ང་ཡི་དཀོན་མཆོག་གི་གམ་དུ་ཕྱིར་འགྲོ་དགོས་པ་ཤོད་ཅིག VVvAC0Io73k-00370-00283782-00284976 ཉིན་དེར་སྐྱབས་མགོན་ཡེ་ཤུའི་ཡིད་སེམས་ཕམ་པའི་རྗེས་འབྲང་བ་གཉིས་ལམ་ནས་འགྲོ་བཞིན་ལམ་པ་ཞིག་ལ་ཁོ་ཚོའི་དགེ་རྒན་ཡེ་ཤུ་ཤིང་རྒྱ་གྲམ་སྟེང་བརྡབས་པའི་དོན་ཁ་བརྡ་བྱས། VVvAC0Io73k-00371-00285294-00286600 དེས་ན་ཁྱོད་ཅག་ལུང་སྟོན་པ་ལ་ཡིད་མི་ཆེས་སམ། མཱ་ཤི་ཀས་སྡུག་བསྔལ་མྱངས་ནས་གཟི་བརྗིད་ནང་དུ་ཞུགས་དགོས་པ་མ་ཡིན་ནམ། འདི་ཚང་མ་གསུང་རབ་ནང་དུ་བྲིས་ཡོད་ལ། ཐམས་ཅད་ཁོང་གི་སྐོར་ཡིན་པ་རེད། VVvAC0Io73k-00372-00286872-00287344 བག་ལེབ་བཅག་ནས་སྟེར་བའི་དུས་སུ། ཁོང་ཚོའི་སྐུ་མགྲོན་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་རེད། VVvAC0Io73k-00373-00287518-00287850 མ་གཞི་ཁོང་ནི་སྐྱབས་མགོན་ཡེ་ཤུ་ཡིན་འདུག VVvAC0Io73k-00374-00288078-00288468 དེ་ནས་ཁོ་རྣམས་མྱུར་བ་མྱུར་དུ་ཡེ་རུ་སཱ་ལེམ་ལ་ཡོད་པའི་གྲོགས་པོ་རྣམས་ཀྱི་གམ་དུ་སོང་། VVvAC0Io73k-00375-00288692-00288920 ངེད་གཉིས་གཙོ་བོར་མཇལ་བྱུང་། VVvAC0Io73k-00376-00289116-00289384 མིར་ཡམ་དང་པེ་ཏྲོ་གཉིས་ཀས་ཀྱང་ཁོང་མཇལ་བ་རེད། VVvAC0Io73k-00377-00289570-00289722 གློ་བུར་དུ། VVvAC0Io73k-00378-00289900-00290100 ཁྱོད་རྣམས་བདེ་བར་སྨོན། VVvAC0Io73k-00379-00290242-00290610 ང་རང་ཡིན་པར་ཁྱོད་རྣམས་ཡིད་མི་ཆེས་སམ། ངའི་རྐང་ལག་གཉིས་ལ་ལྟོས་དང་། VVvAC0Io73k-00380-00290986-00291244 ང་ཡི་གཙོ་བོ་ང་ཡི་དཀོན་མཆོག VVvAC0Io73k-00381-00291684-00292524 སྐྱབས་མགོན་ཡེ་ཤུས་ཉིན་བཞི་བཅུའི་རིང་ལ་རང་ཉིད་རྗེས་འབྲང་བ་རྣམས་ལ་མངོན་པར་མཛད་པ་དང་། ཐེངས་གཅིག་ལ་ཁོང་གིས་མི་ལྔ་བརྒྱ་ལ་མཇལ་འཕྲད་གནང་། VVvAC0Io73k-00382-00293046-00293628 ཁོང་གི་ཐུགས་སྲས་རྣམས་ཕྱིར་ག་ལིལ་ཡུལ་དུ་ལོག་པ་དང་། ཉིན་ཞིག་ལ་ཁོང་རྣམས་ཀྱིས་ཉ་འཛིན་པའི་དུས་སུ། VVvAC0Io73k-00383-00294034-00294500 ཨ་རོགས་ཚོ། ཁྱོད་རྣམས་ལ་ཟ་རྒྱུ་རེ་ཨེ་ཡོད། VVvAC0Io73k-00384-00294644-00294944 ཟ་རྒྱུ་མེད་ལགས། ངེད་ཅག་གིས་ཅི་ཡང་མ་ཟིན་ཐལ། VVvAC0Io73k-00385-00295094-00295458 དྲ་རྒྱ་ཕར་ཕྱོགས་ལ་ཕོངས་ཤིག VVvAC0Io73k-00386-00295756-00296060 ཨ་ཡ་མཚན། ཉ་འདི་འདྲ་མང་པོ་ཟིན་འདུག VVvAC0Io73k-00387-00296144-00296322 ཁོང་གཙོ་བོ་རེད། VVvAC0Io73k-00388-00296502-00296638 གཙོ་བོ་ལགས། VVvAC0Io73k-00389-00296842-00297082 ཤོག་ལ་ང་དང་མཉམ་དུ་ཟ་མ་ཟོ། VVvAC0Io73k-00390-00297752-00298036 པེ་ཏྲོ། ཁྱོད་ངོ་མས་བདག་ལ་དགའ་འམ། VVvAC0Io73k-00391-00298156-00298558 ཡིན་ལགས་གཙོ་བོ། ང་རང་ཁྱེད་ལ་དགའ་བ་ཁྱེད་ཀྱིས་མཁྱེན་པ་ཡིན། VVvAC0Io73k-00392-00298682-00299008 ངའི་ལུག་རྣམས་ལ་བདག་སྐྱོང་བྱོས། VVvAC0Io73k-00393-00299040-00299292 ངའི་རྗེས་སུ་འབྲང་བར་གྱིས། VVvAC0Io73k-00394-00299496-00300380 གནམ་ས་གཉིས་ཀྱི་དབང་ཐམས་ཅད་ང་ལ་གནང་ཡོད། གནམ་འོག་ཀུན་དུ་སོང་ལ་མི་རིགས་ཐམས་ཅད་ངའི་རྗེས་སུ་འབྲང་དུ་བཅུག VVvAC0Io73k-00395-00300626-00301596 ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་བཅས་ཀྱི་མཚན་ལ་བརྟེན་ནས་དེ་རྣམས་ལ་ཁྲུས་གསོལ་བྱོས། ངའི་བསླབ་བྱ་རྣམས་ཁོ་ཚོར་བསླབ་ནས་དེ་བཞིན་བསྒྲུབ་ཏུ་འཇུག་དགོས། VVvAC0Io73k-00396-00301850-00302716 དེ་ནས་འཇིག་རྟེན་གསར་བ་སླེབས་པའི་བར་དུ་ང་ནི་ཉིན་རེ་བཞིན་ཁྱོད་རྣམས་དང་མཉམ་དུ་ཡོད་པ་ཡིད་ལ་ཟུངས། VVvAC0Io73k-00397-00303022-00303684 བཀའ་དེ་རྣམས་གསུངས་རྗེས་སྐྱབས་མགོན་ཡེ་ཤུ་ས་གཞིར་ཞལ་གྱེས་ནས་ནམ་མཁའ་རུ་ཡར་དྲངས་པ་རེད། VVvAC0Io73k-00398-00303860-00304276 ཡིན་ནའང་ཁོང་ཉིད་ཕྱིར་ཕེབས་ཡོང་ཞེས་ཁོང་གིས་གསུངས་སོ། ། VVvAC0Io73k-00399-00304782-00305716 སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་བ་རྣམས་ཀྱིས་ཤུལ་ནས་སྨོན་ལམ་བཏབ་སྟེ་བསྡད་པ་དང་། ལྔའི་བཅུ་དུས་ཆེན་ཉིན། དམ་པའི་ཐུགས་ཉིད་ཁོང་རྣམས་ཀྱི་སྟེང་དུ་ཁྱབ་ཅིང་། VVvAC0Io73k-00400-00305820-00306594 སྐྱབས་མགོན་ཡེ་ཤུའི་ནང་དུ་བཞུགས་པའི་ཐུགས་ཉིད་དེ་ད་ལྟ་ཁོང་རྣམས་དང་ཁོང་ལ་དད་པ་བྱེད་མཁན་ཐམས་ཅད་ཀྱི་ནང་དུའང་བཞུགས་པ་རེད། ཁོང་གི་རྗེས་འབྲང་བ་རྣམས་ཁོང་ལ་བདེན་དཔང་ཁུངས་བཙན་བྱེད་མཁན་ཡིན་ལ། VVvAC0Io73k-00401-00306800-00307592 མི་ཇེ་མང་ནས་ཇེ་མང་གིས་སྐྱབས་མགོན་ཡེ་ཤུའི་སྐོར་གོ་ཐུབ་པར་གྱུར། VVvAC0Io73k-00402-00307980-00308688 འདིར་བཞུགས་མི་རྣམས་ཀྱིས་ཉོན་དང་། སྐྱབས་མགོན་ཡེ་ཤུ་འཆི་བ་ལས་རྒྱལ་ཞིང་། དཀོན་མཆོག་གིས་ཁོང་ཉིད་སླར་གསོན་པར་མཛད་པ་དང་གཙོ་བོར་བཀོད་པ་རེད། VVvAC0Io73k-00403-00308974-00309746 སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་གཟི་བརྗིད་དང་བཅས་ཡར་དྲངས་པ་དང་པོ་ཡིན། གཟི་བརྗིད་དེ་ནི་རང་ཅག་ལའང་གྲ་སྒྲིག་མཛད་ཡོད་པ་ཡིན། VVvAC0Io73k-00404-00309942-00310468 སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་བ་རྣམས་གནོད་འཚེ་ཆེན་པོར་འཕྲད་ནའང་གནམ་འོག་གི་ས་ཕྱོགས་ཀུན་ལ་ཕེབས་པ་རེད། VVvAC0Io73k-00405-00310648-00311260 སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན། རང་ཅག་ཀྱང་དཀོན་མཆོག་གི་བུ་དང་བུ་མོར་འགྱུར་ཐུབ་པ་ཡིན། VVvAC0Io73k-00406-00311678-00312138 འཕྲིན་བཟང་འདི་བསྐུར་ཡིག་གི་ལམ་ནས་ཀྱང་བསྒྲགས་ཡོད། VVvAC0Io73k-00407-00312362-00312942 ངས་འཕྲིན་བཟང་ངོ་ཚ་རུ་བརྩི་བ་མེད། འཕྲིན་བཟང་ནི་དཀོན་མཆོག་གི་ནུས་མཐུ་ཆེན་པོས་མི་རྣམས་སྐྱོབ་པ་དེ་ཡིན། གསུང་རབ་ཀྱི་མདོ་ནས་འདི་ལྟར། VVvAC0Io73k-00408-00313364-00314242 གལ་ཏེ་ཁྱོད་རང་འཕྲིན་བཟང་ལ་ཡིད་ཆེས་ན། དཀོན་མཆོག་གི་སྤྱན་སྔར་ཁྱོད་མི་རྣམ་དག་ཡིན་ཞིང་ཁྱོད་ལ་ཚེ་སྲོག་ཀྱང་འཐོབ་ངེས་ཡིན་ཞེས་གསུངས་ཡོད། VVvAC0Io73k-00409-00314558-00315212 དེང་སྐབས་ས་འཛམ་བུ་གླིང་ནས་མི་ཇེ་མང་ནས་ཇེ་མང་མཉམ་དུ་འཛོམས་ཏེ་སྨོན་ལམ་འདེབས་པ་དང་གསུང་རབ་ཀློག་གི་ཡོད། ཁོ་རྣམས་དཀོན་མཆོག་གི་ཐུགས་རྗེའི་ནང་དུ་འཚོ་ཞིང་ཁོང་གི་རོགས་རམ་ཉམས་སུ་མྱོང་བ་དང་། VVvAC0Io73k-00410-00315318-00315886 ཁོ་རྣམས་ཀྱིས་ཕན་ཚུན་ལ་གཅེས་ཤིང་དབུལ་བོ་རྣམས་ལ་རོགས་བྱེད་ཅིང་། ཐ་ན་རང་གི་དགྲ་ཡིན་ཡང་གཅེས་པ་རེད། VVvAC0Io73k-00411-00316660-00317692 ཡང་ཁོ་རྣམས་ཀྱིས་བག་ལེབ་བཅག་ནས་རྒུན་འབྲུམ་གྱི་ཁུ་བ་མཉམ་དུ་འཐུང་ནས་རང་རང་གི་སྡིག་པ་བསལ་ཟིན་པར་དྲན་གསོ་བྱེད་པ་དང་། ཁོ་ཚོར་སྟོབས་ཤུགས་ལྡན་པའི་ཚེ་སྲོག་གསར་བ་ཞིག་ཐོབ་ཅིང་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱབ་པ་ཡིན། VVvAC0Io73k-00412-00318478-00319018 དཀོན་མཆོག་གིས་ཉིད་ཀྱི་སྲས་ནི་འཇིག་རྟེན་ལ་ཁྲིམས་ཐག་གཅོད་པར་མངགས་པ་མ་ཡིན་པར་རང་ཅག་སྐྱོབ་པར་མངགས་པ་རེད། VVvAC0Io73k-00413-00319442-00319872 རྒྱུ་མཚན་ནི་དཀོན་མཆོག་གིས་འཇིག་རྟེན་གྱི་མི་ཀུན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། VVvAC0Io73k-00414-00320390-00321028 ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ། ། VVvAC0Io73k-00415-00321246-00322012 སྐྱབས་མགོན་ཡེ་ཤུའི་ལོ་རྒྱུས་ཀྱི་རྒྱུན་ནི་ད་དུང་ཆད་མེད་དེ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་མི་གྲངས་མེད་ཅིག་གི་གྲོགས་སུ་གྱུར་ཏེ། འདས་ཟིན་དང་ད་ལྟའང་དེ་བཞིན་ཡིན། འཇིག་རྟེན་འདི་ལ་ཡང་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་དེ། ང་ཚོ་ཕྱི་རུ་སྐྱོད་ན་བོང་བུ་དང་རྟ་ལ་ཞོན་ནས་འགྲོ་མི་དགོས་པར་རླངས་འཁོར་སྐོར་བའམ་ཡང་ན་གནམ་གྲུར་བསྡད་ནས་སོང་ཆོག ཡིན་ནའང་སྐྱབས་མགོན་ཡེ་ཤུར་མཚོན་ན་དེར་ཁྱད་པར་ཆེན་པོ་མེད། ཁོང་ནི་སྔར་ཡ་ཧུ་དཱའི་ཡུལ་དུ་ཅི་ལྟར་འགྲིམ་པ་ཡིན་ན་ད་ལྟའང་དེ་ལྟར་རང་ཅག་དང་མཉམ་དུ་བཞུགས་པ་ཡིན། VVvAC0Io73k-00416-00322170-00322708 ཁྱེད་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་རྒྱུས་ལོན་མང་དུ་བྱེད་འདོད་དམ། ཁྱེད་ཀྱིས་སྐྱབས་མགོན་ཡེ་ཤུ་དང་མཉམ་དུ་སྐྱོད་པའི་འཚོ་བ་ཅི་ལྟར་རོལ་དགོས་པ་ཤེས་འདོད་དམ། གལ་ཏེ་འདོད་ན་གཤམ་གྱི་དོན་རྣམས་བསྒྲུབ་ཆོག་པ་སྟེ། VVvAC0Io73k-00417-00322860-00323542 1. རང་གིས་དམ་པའི་གསུང་རབ་ཀློག་པར་འགོ་རྩོམ་པ། VVvAC0Io73k-00418-00323694-00324598 2. སྨོན་ལམ་འདེབས་པར་འགོ་རྩོམ་པ། VVvAC0Io73k-00419-00325282-00325944 སྙིང་ཉེ་བའི་དཀོན་མཆོག་ལགས། ཁྱེད་ཀྱིས་ང་ལ་བྱམས་བརྩེ་ཆེན་པོ་གནང་སོང་། VVvAC0Io73k-00420-00326288-00327500 ངའི་སྡིག་པ་བསལ་བའི་ཆེད་དུ་ཁོང་ཤིང་རྒྱ་གྲམ་སྟེང་བརྡབས་ནས་སྐུ་གྲོངས་པ་ཡིན། VVvAC0Io73k-00421-00327954-00328844 སྐྱབས་མགོན་ཡེ་ཤུ་ངའི་རྩར་ཕེབས་པར་ཐུགས་རྗེ་ཆེ་ཞུ། VVvAC0Io73k-00422-00328888-00329166 དཀོན་མཆོག་ཁྱེད་ནམ་ཡིན་ཡང་ང་དང་མཉམ་དུ་བཞུགས་ནས་ང་ལ་དྲན་སྐུལ་དང་ལམ་སྟོན་གནང་བར་ཤོག VVvAC0Io73k-00423-00329178-00329534 3. མི་གཞན་ལ་སྐྱབས་མགོན་ཡེ་ཤུ་དང་དམ་པའི་གསུང་རབ་ཀྱི་སྐོར་གླེང་བ། སྐྱབས་མགོན་ཡེ་ཤུའི་རྗེས་འཇུག་རྣམས་རྒྱུན་པར་མཉམ་དུ་འཛོམས་ནས་ཕན་ཚུན་ལ་སྐུལ་འདེད་དང་རོགས་རམ་བྱེད་པར་མ་ཟད། མཉམ་དུ་ནར་སོན་པ་དང་ཁོང་ལ་རྒྱུས་ལོན་མང་དུ་བྱེད་རྒྱུ་ནི་ཁོང་གི་རེ་བ་ཡིན། VVvAC0Io73k-00424-00329590-00330068 ཡེ་ཤུ་མཱ་ཤི་ཀ་ |