text
stringlengths
1
21.7k
char_len
int64
1
21.7k
max_char_btw_tsak
int64
0
940
དེ་ལས་ངེས་པར་ཐར་པར་འདོད་པའི་བློ་ཕྱིར་མི་ལྡོག་པ་དང་ལྡན་པ།
58
4
རིགས་ཅན་གསུམ་ལས་ཐེག་པ་ཆེན་པོའི་རིགས་སད་པ་སྟེ།
47
4
འཁོར་བ་ལ་ཆགས་པ།
17
4
སངས་རྒྱས་མི་འདོད་པ།
21
4
འདོད་ཀྱང་རང་དོན་དུ་འདོད་པ།
28
4
གཞན་དོན་ལ་བློ་ཞུམ་པ་སྟེ་ཕྱིན་ཅི་ལོག་བཞི་དང་བྲལ་ཏེ།
52
4
འཁོར་བ་སྡུག་བསྔལ་དུ་ཤེས་པ།
28
4
སེམས་པ་ཅན་ཐམས་ཅད་ཕ་མར་ཤེས་པ།
30
4
དེ་རྣམས་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ་བཞི་དང་ལྡན་པ།
57
4
ལམ་ལ་ཞུགས་པ་ནི།
17
4
ཉེས་སྤྱོད་མཐའ་དག་བསྡམས་པའི་ཚུལ་ཁྲིམས།
39
5
སེམས་ལས་སུ་རུང་བའི་ཏིང་ངེ་འཛིན།
33
4
བོན་རྣམ་པར་འབྱེད་པའི་ཤེས་རབ་སྟེ།
34
5
བསླབ་པ་རིན་པོ་ཆེ་གསུམ་གྱི་ལམ་ལ་ཞུགས་པ།
40
4
ལེགས་པར་ཞུགས་པ་ནི།
20
4
ཐེག་དམན་ལས་ཁྱད་པར་དུ་ཕྱེ་བ་སྟེ།
33
3
ཐེག་དམན་རྣམས་རང་དོན་ཡིད་བྱེད་ཀྱིས་ལྟ་སྤྱོད་དམན་པར་ཞུགས་པས་ལེགས་པར་ཞུགས་པ་མ་ཡིན་ལ།
83
5
གཡུང་དྲུང་སེམས་དཔའ་རྣམས་ནི་གཞན་དོན་དུ་ལྟ་སྤྱོད་བླ་ན་མེད་པར་ཞུགས་པས་ལེགས་པར་ཞུགས་པའམ་མཐར་ཕྱིན་པར་ཞུགས་པ་ཞེས་བྱ།
112
5
ཡང་དག་པར་ཞུགས་པ་ནི།
21
4
ཕྱི་རོལ་པ་ལས་ཁྱད་པར་དུ་ཕྱེ་བ་སྟེ།
35
3
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
51
5
དེ་དག་ལྟ་སྤྱོད་ལོག་པར་ཞུགས་པས་ཡང་དག་པ་ལས་ལྡོག་སྟེ་ཕྱིན་ཅི་ལོག་ཏུ་ཞུགས་པའོ།
76
5
གཡུང་དྲུང་སེམས་དཔའ་རྣམས་ནི།
29
4
དེ་ལས་ལྡོག་པའི་ལྟ་སྤྱོད་ཡང་དག་པར་ཞུགས་པས་ན་དེ་སྐད་ཅེས་བྱ།
59
5
ཉོན་མོངས་ཞི་བ་ནི།
19
4
སོ་སྐྱེ་ཕལ་པ་ལས་ཁྱད་པར་དུ་ཕྱེ་བ་སྟེ།
38
4
ཁམས་གསུམ་གྱི་སེམས་ཅན་རྣམས་ནི་ཉོན་མོངས་པ་ཅི་རིགས་པས་ཀུན་ནས་འཆིངས་བས་ཉོན་མོངས་ལས་མ་གྲོལ་ལ།
90
5
འཕགས་པ་རྣམས་ནི།
17
4
ཉོན་མོངས་པ་མཐའ་དག་ལས་གྲོལ་བས་ཉོན་མོངས་མེད་པ་སྟེ།
50
4
སེམས་ཞི་བར་གནས་པའོ།
21
4
རྒྱུད་དུལ་བ་ནི།
17
5
ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་གང་བས་རྟག་ཏུ་གཞན་དོན་ལ་དགོངས་པ།
97
5
སྤྱོད་པ་དལ་བ་ནི།
18
5
རྒྱུད་ཚུལ་ཁྲིམས་ཀྱི་བསླབ་པས་བསྡམས་པས་ཉེས་པའི་སྐྱོན་ཀུན་དང་བྲལ་བ།
66
5
དྲན་ཤེས་ལྡན་པ་ནི།
19
3
མཉམ་བཞག་དང་རྗེས་ཤེས་སོགས་གང་གི་དུས་ནའང་དྲན་ཤེས་ཁྱད་པར་ཅན་དང་ལྡན་པས་འཁྲུལ་པ་དང་།
81
5
ལུང་མ་བསྟན་པ་དང་།
19
4
ཐ་མལ་དུ་སྐད་ཅིག་ཙམ་ཡང་མི་འཆོར་བ།
34
4
མི་དགེ་བཅོམ་པ་ནི།
19
4
མི་དགེ་བཅུ་རིང་ནས་སྤངས་པས་མི་དགེ་བཅོམ་པ་ཞེས་བྱ་སྟེ།
53
4
གཞི་ལ་མི་གནས་པའི་ཐ་ཚིག་གོ།
28
3
དགེ་བཅུ་རྫོགས་པ་ནི།
21
5
དགེ་བ་བཅུ་དང་ལྡན་པ་སྟེ་དགེ་བའི་མཛོད་འཛིན་པ་ཞེས་བྱའོ།
54
4
གཉིས་པ་རང་གཞན་སྨིན་གྲོལ་མཛད་ཚུལ་ནི།
37
4
སྨིན་པ་དང་གྲོལ་བའི་དོན་ལ་བརྩོན་པ་ནི།
38
5
རང་སྨིན་པར་བྱེད་པའི་ཕ་རོལ་ཕྱིན་པ་དྲུག་གམ་བཅུ་ལ་སློབ་པ་དང་།
60
4
གཞན་གྲོལ་བར་བྱེད་པའི་སྦྱིན་གཏོང་དང་།
38
5
སྙན་སྨྲ་དང་།
14
3
དོན་སྤྱོད་དང་།
16
5
དོན་མཐུན་ཏེ་བསྡུ་བའི་དངོས་པོ་བཞིས་གཞན་དག་གདུལ་བྱ་ལམ་ལ་སྡུད་ཅིང་སྨིན་པར་བྱེད་པ།
80
4
དེའི་ཕྱོགས་དང་མཐུན་པར་སྤྱོད་པ་ནི།
35
5
རང་སྨིན་གཞན་གྲོལ་པའི་ཐབས་ལམ་ཅི་རིགས་པ་ལ་འཇུག་ཅིང་སྤྱོད་པ།
59
5
རྒྱུའི་ཕར་ཕྱིན་ལ་སློབ་པ་ནི།
29
6
སྦྱིན་པ་དང་།
14
5
ཚུལ་ཁྲིམས་དང་།
16
5
བཟོད་པ་དང་།
13
4
བརྩོན་འགྲུས་དང་།
18
5
སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
49
5
བསམ་གཏན་དང་ལྔ་ལ་སློབ་པས་བདག་དོན་རྩེར་ཆིབས་པ་སྟེ།
50
4
རྒྱུའི་བོན་ཞེས་འབྲས་བུ་དོན་དུ་གཉེར་བ་ནི།
42
6
དེའི་སྟེང་དུ་སྟོབས་དང་།
25
5
སྙིང་རྗེ་དང་།
15
4
སྨོན་ལམ་དང་།
14
4
ཐབས་དང་།
10
3
ཤེས་རབ་དང་ལྔ་ལ་སློབ་པས་གཞན་དོན་ལྷུན་གྱིས་གྲུབ་པ་སྟེ།
54
4
འབྲས་བུའི་བོན་ཞེས་བྱ་སྟེ།
27
4
འབྲས་མིང་རྒྱུ་ལ་བཏགས་པའོ།
27
4
མདོ་ལས།
9
3
སྟོབས་ལས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་།
43
5
སྙིང་རྗེ་ལས་ཚད་མེད་བཞི་འབྱུང་།
32
5
སྨོན་ལམ་ལས་ཡེ་ཤེས་ལྔ་འབྱུང་།
30
5
ཐབས་ལས་ངེས་པར་བདེན་པའི་ལམ་ལྔ་འབྱུང་།
38
5
ཤེས་རབ་ལས་བོན་སྤྱི་དང་རང་རང་གི་མཚན་ཉིད་སྟོང་པ་ཉིད་བཅོ་བརྒྱད་འབྱུང་།
69
5
ཞེས་པས་སོ།
12
3
ཉོན་སྒྲིབ་བྱང་བ་ནི།
21
5
མ་དག་ས་བདུན་གྱི་གནས་སྐབས་ན་ཉོན་མོངས་པའི་སྒྲིབ་པ་མངོན་གྱུར་པ་བྱང་བ།
68
5
ཤེས་སྒྲིབ་སྦྱོང་བ་ནི།
23
5
དག་པའི་ས་གསུམ་གྱི་གནས་སྐབས་ན་ཉོན་སྒྲིབ་ཤིན་ཏུ་ཕྲ་བ་བྱང་ནས།
60
5
ཤེས་སྒྲིབ་མངོན་གྱུར་པ་སྦྱོང་སྟེ།
34
5
ས་བཅུའི་རྒྱུན་མཐའ་ལ་ཤེས་སྒྲིབ་ཤིན་ཏུ་ཕྲ་བའི་ཕྲ་བ་དང་བཅས་པ་སྦྱོང་པ་ལ་རྒྱུན་མཐའི་གཡུང་དྲུང་སེམས་དཔའ་ཞེས་བྱའོ།
109
5
སྲིད་པ་ལ་མི་འཁྲུལ་པ་ནི།
25
5
ཕར་ཕྱིན་བཅུའི་རྩེ་མོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་གྱུར་པས་སྲིད་པ་ལ་མི་འཁྲུལ་པ།
94
5
ཞི་བ་ལ་མི་གནས་པ་ནི།
21
3
ལམ་གྱི་སྐབས་སུ་སྙིང་རྗེ་ཚད་མེད་པ་ལ་བློ་སྦྱོངས་པས་ཞི་བ་ཕྱོགས་གཅིག་ལ་མི་གནས་ཏེ།
79
6
འགྲོ་དོན་མཛད་པ།
17
4
རང་དོན་སྤངས་པ་ནི།
19
4
ཐེག་དམན་པའི་རང་དོན་ཁོ་ན་སྒྲུབ་པ་དེ་ནི་འདིས་དུག་དང་འདྲ་བར་ཤེས་ནས་སྤོང་བའོ།
75
5
གཞན་དོན་བསྒྲུབ་པ་ནི།
22
6
ས་ལམ་གྱི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་པ་གང་གི་ཚེ་ཡང་བསམ་སྦྱོར་གཉིས་ཀས་གཞན་དོན་ཁོ་ན་ལ་དམིགས་ཤིང་བསྒྲུབ་པ།
112
6
བྱང་ཆུབ་སེམས་ཀྱི་མངའ་བདག་ནི།
30
4
བྱང་ཆུབ་སེམས་རིན་པོ་ཆེ་རྣམ་གཉིས་ཀྱི་མངའ་བདག་སྟེ།
50
4
སྐད་ཅིག་ཙམ་ཡང་སེམས་དེ་མི་འདོར་བ།
34
4
འཕགས་པའི་ནོར་བདུན་གྱིས་ཕྱུག་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
79
5
པ་ནི།
7
2
དད་པ་ཆུ་བོ་ལྟ་བུ་རྒྱུན་རིང་བ།
31
5
ཚུལ་ཁྲིམས་པདྨོ་ལྟ་བུ་སྐྱོན་གྱིས་མ་གོས་པ།
42
5
སྦྱིན་པ་ནོར་བུ་ལྟ་བུ་ཟད་མི་ཤེས་པ།
35
5
ཐོས་པ་རྒྱ་མཚོ་ལྟ་བུ་རྒྱ་ཆེ་བ།
31
3
དམ་ཚིག་ཤེལ་སྒང་ལྟ་བུ་དྲི་མ་མེད་པ།
35
3
བག་ཡོད་བདུད་རྩི་ལྟ་བུ་ཀུན་དང་མཐུན་པ།
38
4