text
stringlengths
1
21.7k
char_len
int64
1
21.7k
max_char_btw_tsak
int64
0
940
སེམས་ཅན་ཀུན་ལ་བརྩེ་བའི་མ་མ་༢ ༣།
33
4
ཉོན་མོངས་གཡུལ་ངོ་བཟློག་པའི་དཔའ་བོ་༢༤།
39
5
ཐར་པའི་སྒོ་མོ་འབྱེད་པའི་ལྡེ་མིག་༢༥།
37
5
དེ་ལྟར་ཡོན་ཏན་ཉི་ཤུ་རྩ་ལྔས་འཕགས་པ་ཀུན་ལས་རྨད་དུ་བྱུང་བའི་ཚེ་བའོ།
66
4
གསུམ་པ་དོན་བསྡུ་བ་ནི།
23
4
ཉིད་ལ་མངའ་འོ།
15
3
ཞེས་པའི་བར་གྱིས་བསྟན།
23
4
དེ་ལྟ་བུའི་ཚོགས་གཉིས་ཀྱི་ཡོན་ཏན་དང་།
38
4
ཡེ་ཤེས་ཀྱི་འབྱོར་པ་དེ་དག་གིས་གཤེན་རབ་རྣམ་རྩོད་པའམ་ཉན་ཐོས་དང་།
63
5
རང་རྟོགས་གཤེན་རབ་པའམ་རང་རྒྱལ་དང་།
35
5
གཡུང་དྲུང་སེམས་དཔའ་འམ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་འབྱོར་པ་ཐམས་ཅད་ཟིལ་གྱིས་གནོན་པ།
91
5
དཔེར་ན་ཉི་མའི་འོད་ཀྱིས་སྐར་ཕྲན་གྱི་འོད་ཟིལ་གྱིས་གནོན་པ་བཞིན་ནོ།
65
4
དེ་ལྟ་བུའི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དཀའ་སྟེ།
47
4
དེའང་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན་པ་མུན་སྒྲོན་གྱི་བསྐལ་པའི་གྲངས་མང་ཉུང་ལ་བརྟག་ན་ཤེས་པའོ།
96
5
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
51
5
དེ་ལྟར་འབྱོན་དཀོན་པ་བཞིན་དུ་དེའི་ཞལ་མཇལ་བ་དང་།
48
5
གསུང་ཐོས་པ་དང་།
17
4
བོན་ལ་སྤྱོད་པ་དེ་བས་ཀྱང་དཀོན་པ་སྟེ།
37
5
དེའི་ཕྱིར་ན་འདི་ལྟ་བུའི་ཡོན་ཏན་ཐོས་པ་དཀའ།
43
4
གལ་ཏེ་ཐོས་ནའང་དེ་ཕྱིན་ཆད་ཡིད་ལ་དྲན་པར་བྱེད་པ་ཉུང་།
52
4
གལ་ཏེ་ཡིད་ལ་དྲན་ནའང་དད་པས་ཀུན་ནས་བསླང་ནས་སངས་རྒྱས་ཀྱི་མཚན་ནས་བརྗོད་པའམ་ཡོན་ཏན་འདི་དག་ངག་ཏུ་བརྗོད་པ་ཉུང་སྟེ།
109
5
དཔེར་ན་ཉིན་མོའི་སྐར་མ་དང་འདྲའོ།
33
5
དེ་ལྟ་བུའི་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཉིད་ལ་མངའ་སྟེ་གཞན་ལ་ནི་མ་ཡིན་ནོ།
74
5
དེའི་ཕྱིར་ན་འདི་ལྟ་བུའི་རྫོགས་པའི་སངས་རྒྱས་དང་དེའི་ཡོན་ཏན་དྲན་ཏེ་དད་པས་ཀུན་ནས་བསླངས་ནས་ལན་གཅིག་བརྗོད་པ་ལའང་བསོད་ནམས་བསམ་གྱིས་མི་ཁྱབ་ཅིང་འཁོར་བ་ལས་ཐར་པ་ཐོབ་པ་གདོན་མི་ཟའོ།
171
5
གཉིས་པ་བོན་གྱི་ཡོན་ཏན་རྗེས་སུ་དྲན་པ་ལ་གཉིས།
45
4
མདོར་བསྟན་པ་དང་།
18
4
རྒྱས་པར་བཤད་པའོ།
18
4
དང་པོ་ནི།
11
2
གཡུང་དྲུང་བོན་ཞེས་པ་ནས།
25
4
མ་ཚང་བ་མེད་པ་གསུངས་པ།
23
5
ཞེས་པས་བར་གྱིས་བསྟན།
22
4
མདོ་ལས།
9
3
བོན་ནི་མི་གཡོ་སྐྱོབ་པའི་སྒྲ་ཞེས་པས།
37
5
མི་གཡོ་བ་དང་།
15
3
སྐྱོབ་པ་གཉིས་ལས།
18
5
དང་པོ་ནི།
11
2
བོན་གྱི་དབྱིངས་གནས་ལུགས་སྤྲོས་པའི་མཚན་མར་མི་གཡོ་བའོ།
54
6
དེའང་མདོ་གཟེར་དམིགས་ལས།
25
5
གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ།
33
4
དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ།
35
5
བོན་ཞེས་བྱ་བ་དབྱིངས་ཉིད་བརྡལ་པའི་ཀློང་།
41
6
ཞེས་པའི་མི་ཡེངས་པ་ནི་རིག་པའི་ཡེ་ཤེས།
38
4
མི་འགྱུར་བ་ནི་སྟོང་པ།
23
5
དབྱིངས་ཉིད་བརྡལ་བ་ནི་དབྱིངས་རིག་དབྱེར་མེད།
44
6
དེ་ནི་བོན་ཉིད་དོ།
19
3
གཉིས་པ་ནི།
12
4
ལས་ཉོན་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའོ།
44
5
དེའི་སྐད་དོད་ལ་ཞུང་ཞུང་གི་སྐད་དུ།
35
4
དྲུང་མུ་གྱེར།
15
4
ཞེས་འབྱུང་བ་ངོ་བོ་མི་གཡོ་ཞིང་དོན་མི་འགྱུར་བའོ།
48
5
རིན་པོ་ཆེ་ནི་སེམས་ཅན་རྣམས་ལ་འདི་ཕྱི་གཉིས་ཀར་ཕན་བདེ་ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞིར་གྱུར་པ་ནོར་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
143
5
བུ་རིན་པོ་ཆེ་དང་མཚུངས་སོ།
27
5
དེ་ལྟ་བུའི་བོན་རིན་པོ་ཆེ་ནི།
30
4
སྟོན་པ་སངས་རྒྱས་ཀྱི་ཐུགས་ཀྱི་བཅུད་ཟབ་མོ་གང་ཞིག་མགུལ་གྱི་བུམ་པར་དྲིལ་བ།
72
4
ཀུན་གྲོལ་ལྗགས་ལ་བཀྲམ་པ།
25
4
ཚངས་པའི་དབྱངས་དྲུག་ཅུའི་རྣམ་པས་གསུངས་ཏེ།
42
5
དེའང་ལེགས་པར་གསུངས་པ་ནི།
26
5
ལྷ་མི་ལ་སོགས་རང་རང་གི་སྐད་དུ་གོ་བ་རྣ་བ་སྙན་པ།
47
4
དོན་གསལ་བ།
12
3
རྗེས་སུའང་འབྱུང་བ།
20
5
མགྱོགས་བུལ་དང་འཕར་འབུག་མེད་པ།
31
6
ཡང་དག་པར་གསུངས་པ་ནི།
22
5
བརྗོད་བྱ་ཤེས་བྱ་བོན་གྱི་དབྱིངས་རང་བཞིན་ངོ་བོ་དྲི་མ་ཡེ་དག་ཉིད།
63
6
རྗོད་བྱེད་དེ་ལ་དམིགས་པའི་ཡུལ་ཅན་ཡེ་ཤེས་ཀྱང་བོན་གྱི་དབྱིངས་དང་།
64
6
རྗེས་སུ་མཐུན་པས་ཕྱིན་ཅི་ལོག་གི་སྤྲོས་པས་དབེན་པ།
49
5
མ་ཚང་བ་མེད་པར་གསུངས་པ་ནི།
27
5
སེམས་ཅན་རྣམས་ཀྱི་ཉོན་མོངས་འགོག་པ།
35
4
ཡོན་ཏན་ཐམས་ཅད་རྫོགས་པ།
24
5
བྱང་ཆུབ་ཆེན་པོར་འདྲེན་པའི་ཐབས་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པའོ།
64
5
གཉིས་པ་རྒྱས་པར་བཤད་པ་ལ་གཉིས།
30
4
ངོ་བོ་ལ་ལྟོས་ནས་རྗེས་སུ་དྲན་པ་དང་།
36
4
དེའི་བྱེད་ལས་ལ་ལྟོས་ནས་གཏན་གྱི་ཡིད་རྟེན་དུ་བསྟན་པའོ།
54
4
དང་པོ་ནི།
11
2
སྙན་ཅིང་ཞེས་པ་ནས།
19
3
བརྗེད་བུལ་མེད་པ་ཞེས་པའི་བར་གྱིས་བསྟན།
39
5
སྙན་པ་ནི།
11
3
དྲི་ཟའི་གླུ་དབྱངས་ལྟ་བུ་སྟེ།
30
5
ཡང་ཡང་མཉན་པར་མོས་པ་དང་།
25
3
དད་པ་དང་།
11
2
དགའ་བ་སོགས་བསྐྱེད་པ།
22
6
ཡིད་ལ་བབ་པ་ནི།
16
3
མི་འཐད་པ་དང་།
15
3
ཐེ་ཚོམ་དང་།
13
3
ཟུར་ཟ་མེད་པ།
14
3
ལོག་པ་གཞན་དང་མ་འདྲེས་པ་ནི།
28
5
བདུད་དང་མུ་སྟེགས་སོགས་ལོག་པ་གཞན་གྱི་བོན་དང་མ་འདྲེས་པ།
55
5
སྐུ་གསུམ་གྱི་བདག་ཉིད་ནི།
26
4
ངོ་བོ་བདེན་པར་མ་གྲུབ་པ་བོན་སྐུ།
33
4
རང་བཞིན་སྒྱུ་མ་ཙམ་དུ་སྣང་ཞིང་དོན་བྱེད་ནུས་པ་ལོངས་སྐུ།
55
4
རྣམ་གྲངས་དང་མིང་ཚིག་མང་པོར་བསྟན་པ་སྤྲུལ་སྐུ།
46
5
སྐུ་གསུང་ཐུགས་ཀྱི་རང་བཞིན་ནི།
31
4
གཟུགས་བརྙན་དངོས་སུ་སྣང་བ་སྐུ།
31
5
གོ་བརྡ་སྤྲོད་པ་གསུང་།
23
5
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
51
5
དོན་གསལ་ལ་རྟོག་པ་མེད་པ་ཐུགས།
30
4
སྟོན་པའི་གསུང་དངོས་སུ་གྲགས་པ་ནི།
34
4
སྟོན་པ་མྱ་ངན་འདས་པའི་རྗེས་སུ་གསུང་དངོས་པོ་བཞག་པ་ནི་ལུང་གི་བོན་རྣམས་ཏེ།
72
4
འཕྲུལ་གྱི་ཡི་གེར་བསྟོད་པའི་མདོ་ལས།
36
5
ལྐུགས་པ་ཁ་འབྱེད་འཕྲུལ་གྱི་དུམ་བུ་ངག།
38
5
མ་རིག་མུན་སེལ་སྒྲོན་མེ་གསལ་བ་སྟེ།
35
5