text
stringlengths
1
21.7k
char_len
int64
1
21.7k
max_char_btw_tsak
int64
0
940
ཤེས་རབ་ཉི་མ་ལྟ་བུ་ཡོངས་ལ་གསལ་བ་སྟེ།
37
4
དེ་ལྟ་བུའི་འཕགས་པའི་ནོར་བདུན་གྱིས་ཕྱུག་པ།
43
4
རྣམ་པར་དག་པའི་ནས།
19
3
མདོར་ན་སྨོན་པ་དང་འཇིགས་སྐྱོབ་དང་ལུང་མ་བསྟན་པའི་དགེ་རྩ་ནི་རྣམ་པར་མ་དག་པའི་དགེ་རྩ་སྟེ།
86
5
འདི་དེ་དག་གིས་མ་གོས་པས་རྣམ་པར་དག་པའི་ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པ་ནི།
106
5
བྱང་ཆུབ་སེམས་དཔའམ་གཡུང་དྲུང་སེམས་དཔའ་དག་གོ།
45
4
གཉིས་པ་རྩ་བའི་ས་བཅད་ཡན་ལག་བདུན་པ་ནི།
38
4
གང་ཞིག་ནས།
12
3
དབྱིངས་སུ་བསྔོ།
17
6
ཞེས་པའི་བར་གྱིས་བསྟན་ཏེ་སླའོ།
31
4
དེ་ལྟར་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང་།
48
4
ངག་ཏུ་བརྗོད་པ་དང་།
20
5
གཞན་ཡང་དེ་དག་ལ་བསྟོད་པ་དང་།
29
5
མཆོད་པ་དབུལ་བ་དང་།
20
4
ཕྱག་འཚལ་བ་དང་།
16
3
ཐལ་མོ་སྦྱར་བ་ལ་སོགས་བྱས་པ་ལ་ནི་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ།
60
4
སངས་རྒྱས་རྗེས་དྲན་གྱི་མདོའམ་བསྟོད་པའི་མདོ་ལས།
47
5
འགྲོ་བ་གང་ཞིག་དད་པས་སངས་རྒྱས་རྗེས་སུ་དྲན་པའི་མདོ་འདི་ནི།
58
4
འཛིན་ནམ།
10
4
འཆང་ངམ།
9
3
གཞན་ལ་སྟོན་ནམ།
16
4
འབྲི་འམ།
10
4
ཀློག་གམ།
10
4
བསམ་ཞིང་བརྗོད་ན་ནི།
21
5
དེའི་ཡོན་ཏན་བསྟན་པར་དཀའ་སྟེ།
30
4
ཀུ་བྱི་མང་སྐེ་འདི་ལྟར་རོ།
27
3
སྟོང་གསུམ་གྱི་སྟོང་ཆེན་པོ།
28
4
འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་ནི་ཤེས་པར་སླའོ།
55
4
མདོ་འདིའི་ཡོན་ཏན་ནི་ཤེས་པར་དཀའ་འོ།
36
5
དེ་བཞིན་ནམ་མཁའི་མཐའ་དང་།
26
4
རི་རབ་སྲང་ལ་གཞལ་བའི་གྲངས་དང་།
31
4
ཆུ་ཐམས་ཅད་ཀྱི་ཐིགས་པའི་གྲངས་ནི་ཤེས་པར་སླའོ།
45
4
མདོ་འདིའི་ཡོན་ཏན་དང་ཕན་ཡོན་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
76
5
ནི་ཤེས་པར་དཀའ་འོ།
19
3
དེས་ན་མདོ་འདི་ནི།
19
3
སྡིག་པ་དང་སྒྲིབ་པ་ཐམས་ཅད་སྲེག་པའི་མེ་ཆེན་པོ་དང་།
50
5
བག་ཆགས་དྲི་མ་ངན་པ་བཀྲུ་བའི་བདུད་རྩིའི་ཆུ་རྒྱུན་དང་།
53
5
ངན་སོང་དང་སྡུག་བསྔལ་གྱི་ཕྱགས་མ་དང་།
37
4
ཐར་པའི་སྒོ་འབྱེད་པའི་ལྡེ་མིག་དང་།
35
5
འཁོར་བའི་རྒྱ་མཚོར་བརྒལ་བའི་གྲུ་དང་གཟིངས་ལྟ་བུ་དང་།
52
5
མ་རིག་པ་དང་མུན་པ་སེལ་བའི་སྒྲོན་མ་དང་།
39
5
དགོས་འདོད་ཐམས་ཅད་འབྱིན་པ་བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ནོ།
70
5
དེ་བས་ན་ལས་འཕྲོ་དང་སྐལ་བ་ལྡན་པ་རྣམས་ཀྱིས་གཤེན་རབ་མདུན་གྱི་བར་སྣང་ལ་དམིགས་ཏེ་བསམ་ཞིང་བརྗོད་ན།
94
5
ཡོན་ཏན་བསམ་གྱིས་མི་ཁྱབ་བོ།
28
4
ཞེས་གསུངས་སོ།
15
5
འཇིག་རྟེན་ཕན་བདེ་མ་ལུས་འབྱུང་བའི་གནས།
39
5
མཆོག་གསུམ་ཡོན་ཏན་ཞིང་རྡུལ་གཞལ་དཀའ་ཡང་།
40
4
མདོ་རྒྱུད་རྒྱ་མཚོའི་འཇིངས་ལས་ཆར་ཟིལ་ཙམ།
41
5
འཁོར་བའི་སྐོམ་གདུངས་སེལ་ཕྱིར་འདི་བླངས་སོ།
43
5
གཡུང་དྲུང་བོན་བསྟན་ནམ་མཁའི་ཁྱོན་ཡངས་ལ།
40
4
ལུང་རིགས་འབྲུག་སྒྲ་སྒྲོགས་པའི་མཁས་དབང་ང་གི།
45
6
དག་སྣང་གློག་འོད་འཁྱུག་དང་ལྷན་ཅིག་ཏུ།
38
5
ལེགས་བཤད་ཆར་ཟེགས་འཐོར་ལ་འགྲན་དོ་མིན།
38
4
སྲིད་པའི་རྒུད་པ་ཀུན་ཀྱང་མཐར་བྱེད་ཅིང་།
40
4
ངན་འགྲོའི་མེ་འོབས་སྲེག་པའི་བདུད་རྩིའི་ཆར།
43
6
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
51
5
མཆོག་གསུམ་བསྔགས་པའི་ཡོན་ཏན་འཛད་མེད་དུ།
40
5
ཤེས་ནས་དད་པས་ཅུང་ཟད་འདི་བྱས་སོ།
33
3
སྲིད་ཞི་གང་ལས་རྨད་བྱུང་མཆོག་གསུམ་གྱི།
39
4
ཡོན་ཏན་ཐོས་པ་ཙམ་ཡང་བསྐལ་པ་བརྒྱ།
33
4
སྲིད་པ་འདི་ན་གནས་ཀྱང་འགའ་ཙམ་ན།
32
4
ཆ་ཤས་འདི་ཙམ་བསྙད་པའང་སྐལ་བཟང་སྙམ།
35
4
དཀོན་མཆོག་ཡོན་ཏན་ཐོས་དང་བསམ་པ་དང་།
36
4
གཞན་ལ་འཆད་དང་ཅུང་ཟད་དད་པའང་།
30
3
ཞིང་རྡུལ་ལྷག་པའི་བསོད་ནམས་རྒྱུ་ཡིན་ཕྱིར།
42
4
སྙམ་དང་ལེ་ལོ་མེད་པར་འདིར་བརྩོན་རིག།
37
5
འདི་འབད་བསོད་ནམས་བདག་ལ་ཅི་མཆིས་ཀྱིས།
38
4
མ་རྣམས་དཀོན་མཆོག་སྐྱབས་འོག་རྟག་འཁོད་ནས།
41
5
སྲིད་པའི་གྲོང་ཁྱེར་ཆེ་ལས་རབ་བརྒལ་ཏེ།
38
4
རྣམ་མཁྱེན་གོ་འཕང་མཆོག་ལ་རེག་པར་ཤོག།
37
5
ཅེས་པའང་འཆི་མེད་འཇམ་དཔལ་རྣམ་རྒྱལ་དང་འཕྲུལ་དུ་ཧོར་སེར་གྱི་བསྟན་སྦྱིན་ཆེན་པོ་གར་རྒྱུའི་བསྟན་འཛིན་ཕུན་ཚོགས་མཆོག་ནས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་མདོ་ཁམས་ཟལ་མོའི་སྒང་དུ་སྐྱེས་པའི་དབྲ་བཙུན་དྲི་མེད་སྙིང་པོས་སྦྱར་བ་འདིས་ཀྱང་ཚེ་རབས་ཀུན་ཏུ་མཆོག་གསུམ་གྱི་རྗེས་སུ་བཟུང་ནས་རང་གཞན་ཐར་པའི་དབུགས་འབྱིན་ཐོབ་པའི་རྒྱུར་འགྱུར་བར་གྱུར་ཅིག།
319
6
མུ་ཙུག་སྨར་རོ།
16
3
པར་འདི་སྐྱབས་འགྲོ་དང་བྱང་སེམས་ཞིང་འགྲེལ་སོགས་ཀྱི་སྐོར།
56
5
ཤར་རྫ་བདེ་ཆེན་རི་ཁྲོད་དུ།
27
4
བློ་གྲོས་རྒྱ་མཚོའི་མིང་གིས་བསྒྲུབས་པ་དགེ། བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ།
86
7
སྙིགས་མ་ལྔ་བདོའི་སྐྱབས་གཅིག་ཡབ་སྲས་ཡུམ།
41
5
བསྟན་པའི་སྲུང་མ་མ་མཆོག་སྲིད་པའི་རྒྱལ།
39
4
རྒྱལ་ཀུན་འདུས་གཙོ་དྲིན་ཆེན་བླ་མ་མཁྱེན།
40
5
རྩེ་གཅིག་གསོལ་བ་བཏབས་པའི་རེ་འབྲས་སུ།
38
4
བར་ཆོད་ཀུན་སོལ་བསམ་དོན་མཐར་ཕྱིན་ཤོག།
38
4
ཅེས་པ་འདིའང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་ཕྱི་ནང་གསང་བའི་བར་ཆད་ཞི་བའི་ཕྱིར་དུ་ཤར་རྫ་པས་གསོལ་བ་བཏབས་པའོ།
108
5
ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།
51
5
བསྟན་རྒྱས་སྨོན་ལམ།
20
4
ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང་།
50
5
རྣམ་དཀར་དགེ་ཚོགས་གྲུབ་པའི་ནུས་མཐུ་དང་།
40
4
བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས།
40
5
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག།
41
5
བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན།
42
4
བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང་།
41
5
བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང་།
42
5
བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག།
38
4
ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི།
34
4
རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི།
42
5
མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག།
41
5
དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག།
39
4
དེ་ཉིད་འཛིན་སྐྱོངས་སྤེལ་བའི་སྲོལ་འཛིན་པ།
42
6
མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང་།
37
5
རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང་།
36
4
སྙན་པའི་གྲགས་པས་ས་སྟེང་ཁྱབ་གྱུར་ཅིག།
38
4
དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན།
35
5