text
stringlengths
16
999
མ་མོ་མཁའ་འགྲོ་ཁྲ་ལྟར་འཇུམ།
ཕོ་ཉ་མང་པོའི་འཕྲོ་འདུ་ཡིས་།
རི་རབ་འོག་ཏུ་ཟིལ་གྱིས་མནན་།
ཁྲག་འཐུང་ཡབ་ཡུམ་ཞལ་དུ་བསྟབ་།
སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་།
སྐྱེ་མེད་ཚེ་ཡི་དངོས་གྲུབ་ཐོབ་།
དེ་ནི་ཏིང་འཛིན་ཕུར་པ་སྟེ་།
དངོས་སུ་བསྒྲལ་བས་དོན་མི་འགྲུབ་།
ཏིང་འཛིན་གསལ་བའི་ཕུར་པས་གདབ་།
ཉོན་མོངས་པའི་གཟུགས་ལ་།
གང་གིས་གཟུགས་ལ་མིང་རུས་བྲིས་།
གཤིན་རྗེའི་ཕྱོགས་སུ་ལས་རྣམས་བྱ།
བསྙེན་པ་རྫོགས་ནས་ལས་འདི་བྱའོ་།
གདུག་ཅིང་སྡང་སེམས་ལྡན་པ་རྣམས་།
ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས་།
གཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས་།
ཕོབ་ཅིག་རྣམ་པར་གཟིར་བར་གྱིས་།
ཤི་གྷྲམ་ཨ་ན་ཡ་ཧུམ་ཕཏ།
ཏ་ཐ་ཡ་ཏ་ཐ་ཡ་ཧུམ་ཕཏ།
བྷིནྡྷ་བྷིནྡྷ་ཧུམ་ཕཏ།
ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས།
མྱ་ངན་ལས་འདས་པར་བྱ་བའི་ཕྱིར་རོ་།
ཤིན་ཏུ་གཏུམ་པའི་ང་རོ་དང་།
ཕོ་ཉ་ཕྱག་བརྙན་ཚོགས་རྣམས་ཀྱིས་།
ཉོན་མོངས་འབྲས་བུ་འཕེལ་བྱེད་པས་།
གླད་ལ་ལན་གསུམ་སྐུ་གསུང་ཐུགས།
ཕྱག་བརྙན་ཆེན་པོའི་དེ་བཞིན་ཏེ་།
ཆེ་བའི་ཡོན་ཏན་མཐར་ཕྱིན་བསམ།
ཁམས་གསུམ་སྒྲོལ་བའི་དབང་ཐོབ་པས་།
དྲན་པ་ཉམས་ནས་དབང་པོ་འཕྲོག།
སྲོག་གི་གོ་རུ་ཤར་བ་དེ་།
ཧུམ་ཙིཏྟ་ཙིཏྟ་ཧུམ་ཕཏ།
ཨ་ཛི་ཏེ་ཨ་པ་ར་ཛི་ཏ་ཧུམ་ཕཏ།
ཛ་ཡེ་བི་ཛ་ཡེ་ཧུམ་ཕཏ།
ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ་།
མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད་།
གྲྀཧྣ་གྲྀཧྣ་བཛྲ།
བྷིནྡྷ་བིནྡྷ་བཛྲ།
ཕུང་པོ་དངོས་སུ་བསྒྲལ་ཏེ་རྣམ་པར་ཤེས་པ་མྱ་ངན་ལས་འདས་པར་གྱུར་ཏོ་།
ཕུར་པ་དངོས་སུ་གདབ་ཅིང་རྣམ་ཤེས་མྱ་ངན་ལས་བཟླས་པའི་ལེའུ་སྟེ་ཉེར་གསུམ་པའོ་།
སྤྲུལ་པ་ཕྱག་བརྙན་ལས་བྱའོ་།
རྡོ་རྗེ་གསང་བའི་བཀའ་ལས་ནི་།
སྡིག་ཆེན་གང་ཞིག་འདའ་བྱེད་པ་།
མཚོན་ཆེན་སྔོན་པོ་འབར་བ་ཡིས་།
ཀླད་པ་ཚལ་པ་བརྒྱ་རུ་ཁོས་།
ང་ཡི་བཀའ་ལས་འདའ་མ་བྱེད་།
རྡོ་རྗེ་འཁོར་ལོ་རལ་གྲིས་གཏུབ་།
རྡོ་རྗེ་རལ་གྲི་འཁོར་ལོ་ཡིས་།
ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་མྱ་ངན་ལས་འདས་སོ་།
དེའི་མཐུ་དང་རྫུ་འཕྲུལ་ཕྱིར་མི་འབྱུང་བར་བྱ་བའི་ཕྱིར་འདི་སྐད་བརྗོད་དོ་།
དེ་ཡང་ཕོ་ཉའི་ཏིང་ངེ་འཛིན་དང་།
མཐུ་དང་རྫུ་འཕྲུལ་གཉིས་མེད་པར།
ང་ལ་བར་ཆོད་བྱེད་པ་རྣམས་།
མཐུ་དང་རྫུ་འཕྲུལ་མེད་པར་གྱིས་།
དེ་ཡི་རྫུ་འཕྲུལ་འཕྲོག་པར་རོལ་།
དེ་ཡི་མཐུ་དང་རྫུ་འཕྲུལ་རྣམས་།
མཐུ་དང་རྫུ་འཕྲུལ་ལྡན་། པའི་ཐབས་།
ཐབས་ཀྱི་འཕྲོ་འདུ་མང་པོ་ལས་།
དེའི་མཐུ་དང་རྫུ་འཕྲུལ་རྣམས་།
སྟོན་མི་ནུས་པའི་དོགས་པའོ་།
ཞེས་བརྗོད་པས་གདོན་གྱི་རིགས་དེ་དག་གིས་མཐུ་དང་རྫུ་འཕྲུལ་སྟོན་མི་ནུས་པར་གྱུར་ཏོ་།
ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས་།
གནས་སུ་སྟོབ་པའི་ཕྱིར་འདི་སྐད་བརྗོད་དོ་།
བཀའ་ལས་འདས་པའི་སྡིག་ཆེན་རྣམས།
ཁས་བླངས་དམ་བཅས་མནའ་བོར་བས་།
རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས་།
ཁྲོ་མོ་འབར་བའི་གཏུན་ཁུང་དུ་།
རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ་།
ཧུམ་ཧུམ་ཧུམ་ཕཏ་ཕཏ་ཕཏ།
གནག་པ་དེ་ཁོ་ན་ལའོ་།
ཉོན་མོངས་པ་རྩད་ནས་བཅད་ནས།
བྱང་ཆུབ་ཀྱི་སེམས་ཕུར་བུའི་རང་བཞིན་དུ་མྱངན་ལས་བཟླ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུགཔའོ་།
དེ་ནས་ཡང་ཀི་ལ་ཡས་བསྒྲལ་བ་དེ་དག་དོན་ཡོད་པར་བྱ་བའི་ཕྱིར།
གནོད་གདུག་རྣམ་གཉིས་མ་བསྒྲལ་ན་།
ངེས་པའི་དོན་བོར་ལོག་པར་གོལ་།
རང་ལས་མཁས་ལ་སྐུར་པ་འདེབས་།
མྱ་ངན་འདས་པའི་ཡོན་ཏན་ཐོབ་།
མ་མོ་མཁའ་འགྲོ་བྲན་བཞིན་འཁོལ་།
ཚེ་རིང་བདེ་བ་ཕུན་སུམ་ཚོགས་།
མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ་།
ངན་སོང་གསུམ་པོ་སྒོ་བཀག་ནས་།
གཉིས་མེད་མཁའ་ལ་དེ་བསྒྲལ་ན་།
དམ་ཉམས་བསྒྲལ་ན་བཀའ་གཞུང་བཙན་།
ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན་།
གཞན་ཡང་ཡོན་ཏན་བརྗོད་ལས་འདས་།
ཁྲོ་བདག་ཆེན་པོ་ཐབས་མཁས་པས་།
བསྒྲལ་བའི་ལས་རྣམས་བྱ་བར་བཤད་།
དང་པོ་སྙིང་རྗེས་གཞི་བཟུང་ལ་།
ཡང་དག་དོན་གྱི་སྦྱང་བར་བྱ་།
ནམ་མཁའ་ལྟ་བུར་སྐྱེ་བ་མེད་།
རྣམ་དག་ཕུང་པོ་ལྔ་ཡིས་བསྡུས་།
སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི་།
བསད་ཅིང་མནན་པ་མ་ཡིན་ཏེ་།
ཕུང་པོ་རྡོ་རྗེ་གཏམ་བྱས་ནས་།
རྣམ་པར་ཤེས་པ་རྡོ་རྗེར་བསྒོམ་།
དཔལ་ཆེན་རྡོ་རྗེ་ཉིད་ཀྱི་སྐུ་།
གཉིས་མེད་དོན་གྱི་དེ་བཞིན་ནོ་།
མི་འགྱུར་སྐུ་ཡི་ངོ་བོར་གྱུར་།
ཐམས་ཅད་མྱ་ངན་ལས་འདས་ནས་སྐུ་མཆོག་དེ་ཤིན་ཏུ་མི་འགྱུར་བར་གྱུར་ཏོ་།
གསོ་ཞིང་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ་།