text
stringlengths
1
53.2k
རྒྱལ་གཅེས་པ།
འབྲེལ་གཏུགས་ཁ་བྱང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བོད་ཡིག།
འོས་བསྡུ་ལས་ཁང་།
ནང་སྲིད་ལས་ཁུངས།
ཤེས་རིག་ལས་ཁུངས།
འཕྲོད་བསྟེན་ལས་ཁུངས།
སྐུ་ཚབ་དོན་གཅོད་ཁང་།
སུད་སི་སྐུ་ཚབ་དོན་གཅོད་ཁང་།
བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་།
ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་།
ཨ་ཕི་རི་ཀ་སྐུ་ཚབ་དོན་གཅོད་ཁང་།
ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།
བོད་ཀྱི་བརྙན་འཕྲིན།
བོད་ཀྱི་འགྲེམས་སྟོན་ཁང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་།
བོད་མིར་གདུང་སེམས་མཉམ་བསྐྱེད།
དབུ་མའི་ལམ།
མུ་མཐུད།
ཐ་སྙད་དྲ་ཚིགས།
ལམ་སྟོན་གྱི་དྲ་ཚིགས།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲ་ཚིགས།
བོད་ཡིག་སློབ་སྦྱོང་དྲ་ཚིགས།
དགེ་རྒན་ཁྱད་ལས་ཡར་རྒྱས་དྲ་ཚིགས།
བོད་མིའི་ཁྱད་ལས་དང་བླངས་ལས་གཞི།
མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ།
འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པ།
བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི།
སྒྲ་ལྡན་གསར་འགྱུར།
ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭ་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་གནང་བ།
གསར་ལས་ཁང་གི་གསར་འགོད་པས།
ཚེས་༡༢ སྔ་དྲོ་ཕྱག་ཚོད་༩།
ཞབས་བརྟན་གནས་བརྟན་ཕྱག་མཆོད་གསུང་འདོན་གནང་མུར།
གསོལ་ཇ་འབྲས་བསིལ་དང་སྦྱིན་བདག་ཁག་ནས་མང་ཇ་སྐུ་འགྱེད་འབུལ་བ་དང་ལྷན་ཆོས་རིག་ལས་ཁུངས་ངོས་ནས་ཀྱང་རྒྱུན་སྲོལ་ལྟར་ཕུལ།
ཉིན་རྒྱབ་ཕྱག་ཚོད་༢།
ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ལགས་དང་།
དེ་བཞིན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་མདུན་འཚམས་ཞུའི་མཇལ་བཅར་ཞུས།
བོད་གཞུང་ཆོས་རིག་ལས་ཁུངས་ནས་༢༠༠༨ ཟླ་༡༡ ཚེས་༡༤ ལ།།
གསར་གནས།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་དུ་གཟིགས་སྐོར་ཕེབས་པ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པ་རྣམས་ལ་བོད་དོན་སྐོར་གླེང་སློང་གནང་བ།
ཡིག་ཚང་གཙོ་ངོས།
ལོ་རྒྱུས་ཀྱི་སྡེ།
སློབ་གསོའི་སྡེ།
རིག་གནས་ཀྱི་སྡེ།
དཔྱད་རྩོམ་གྱི་སྡེ།
དུས་དེབ་ཀྱི་སྡེ།
དབལ་ཤུལ་ཚེ་རིང་དབང་རྒྱལ།
རྩོམ་སྒྲིག་པ།
ཡོང་ཁུངས།
རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།
༢༠༡༨ལོའི་ཟླ་བ་༠༢ཚེས་༢༣ཉིན།༄༅།།བསྟན་ཁོ།
ཁོང་གི་ཡབ་ཡུམ་གཉིས་ནི་ཆོས་དད་ཆེ་ཞིང་གཞུང་རྒྱུད་དྲང་བ།
དཀར་པོའི་དགེ་བའི་ལས་འབའ་ཞིག་ལ་བརྩོན་པའི་གང་ཟག་ཅིག་པ་དང་།
ཁོང་ལའང་བག་ཆགས་ཟབ་མོ་ཐེབས་པ་རེད།
ཁོང་དགུང་ལོ་དྲུག་ཏུ་སོན་སྐབས་རབ་ཏུ་བྱུང་སྟེ་ཁང་གསར་དགོན་དུ་ཚོགས་ལ་བཞུགས་ཤིང་།
བོད་ཀྱི་སུམ་རྟགས་དག་གསུམ་དང་རྒྱུད་སྡེ་བཞི་སོགས་ལ་སྦྱོང་བའི་ཁུལ་མཛད།
ཁ་གྱའི་བསྟན་པ་དགེ་རྒན་ཏུ་བསྟེན་ཏེ་གསོ་རིག་རྒྱུད་བཞི་སོགས་ལ་བརྩོན་པའི་དགོངས་པ་བཞེས་ཏེ་ལོ་ངོ་སུམ་ཅུའི་རིང་དུ་སྔོན་བྱོན་མཁས་པ་རྣམས་ཀྱི་ཐུགས་བརྩོན་ལྟར་ཉིན་ཞག་མེད་པར་ཐོས་བསམ་ལ་འབད་བརྩོན་ལྷོད་མེད་བྱས་པས།
གསོ་རིག་གི་གནད་ཕྲ་མོ་ཀུན་ལ་བྱང་ཆུད་ཅིང་ཐོགས་པ་མེད་པ་བྱས་པ་མ་ཟད།
ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་ཐོས་བསམ་མཛད་པས་མཁས་པའི་གོ་འཕང་།
སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དགུ་ནས་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་ཞིབ་འཇུག་གི་སླད་དུ་ཕྱག་ལས་གནང་ཞིང་།
གླིང་འདི་ཁོང་གི་མཚན་གྱིས་བཀང་བར་བྱས་སོ།།
གཞུང་ལུགས་གདམས་པར་ཤར།
གསོ་རིག་རྒྱུད་བཞི་དང་དེའི་འགྲེལ་བ།
དེའི་ཡང་འགྲེལ་སོགས་ལ་མཁས་པར་བྱས་པས།
སྨན་བཅོས་ཀྱི་ཉམས་མྱོང་དང་།
སྨན་སྣ་སྡེབ་སྦྱོར་སོགས་ལ་གཞན་གྱི་འགྲན་ཟླ་བྲལ་ཞིང་།
མཁས་པའི་གོ་འཕང་བརྙེས་པས་བོད་སྨན་རྐང་འཛིན་པ་ཁོ་ནར་གྱུར།
དེར་བརྟེན་ལྷ་ས་དང་།
མཚོ་སྔོན།
ཀན་ལྷོ།
སི་ཁྲོན་སོགས་ཕྱོགས་ལ་ལུང་ནས་ནད་པ་མང་བོ་མེ་ཏོག་གི་ཚལ་དུ་བུང་བ་འདུས་པ་ལྟར་ཁོང་གི་མདུན་དུ་འབྱོར་ཞིང་ཐམས་ཅད་ཀྱི་འདོད་པའི་རི་མོའང་བསྐངས་ཤིང་ནད་ལས་ཐར་བར་བྱས་པ་རེད།
རིམ་བཞིན་ཁོང་གི་མཚན་སྙན་ཇེ་རྒྱས་སུ་གྱུར་ཏེ་པེ་ཅིན་དང་།
ཀུང་ཏུང་།
ཡུ་གུར་སོགས་ནས་ནད་པ་མང་བོ་ཁོང་ལ་མཇལ་བར་ཆེད་དམིགས་ཀྱིས་འབྱོར་བ་དང་།
ཁོང་གིས་ཀྱང་དེ་ལ་དེ་བསྟུན་གྱིས་སྨན་བཅོས་བྱས་པས་ཀུན་ལ་ཕན་པར་གྱུར་ཏོ།།
ཀུན་གྱིས་གཙུག་ཏུ་བཀུར།
ཁོང་ནི་བོད་ཀྱི་གསོ་རིག་རིག་གཞུང་ལ་མངའ་བརྙེས་ཤིང་ལག་ལེན་ཟུང་འབྲེལ་གྱིས་རང་ཉིད་ནས་བོད་ཀྱི་གསོ་རིག་སློབ་ཁྲིད་དཔྱད་གཞི་དཔེ་དེབ་༡༣ བྲིས་ཤིང་།
དེར་ཡིག་འབྲུ་ཁྲི་༧༨ ཙམ་ཡོད།
དེ་བཞིན་འཆད་ཁྲིད་སོགས་དགེ་རྒན་གྱི་འགན་བཞེས་པ་རེད།
༡༩༧༤ནས་བོད་སྨན་འཛིན་གྲྭ་ཞིག་བཙུགས་ཏེ་རྔ་བ་ཁུལ་དུ་ཚད་ལྡན་སྨན་པ་༢༦༠ ཙམ་བསྐྱེད་བསྲིངས་བྱས།
ཁོང་ནི་རྟག་པར་བོད་ལྗོངས་དང་མཚོ་སྔོན།
མདོར་ན་ཨ་མདོ་ས་ཁུལ་ནས་ལོ་ཙཱ་དང་བོད་སྨན་ཁྲིད་གཞིའི་བསླབ་དེབ་ལ།
༡༩༨༣ལོའི་ཟླ་༥བར་ཟི་ལིང་ནས་རྒྱལ་ཡོངས་ཀྱི་བོད་སྨན་སློབ་དེབ་རྩོམ་སྒྲིག་ཚོགས་འདུ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མའི་གསོ་རིག་མཁས་དབང་མང་པོས་ཁོང་ལ་གདེང་འཇོག་ཐོབ།
ཁོང་གིས་རྩོམ་སྒྲིག་གནང་བའི་སྨན་སྦྱོར་ཉམས་མྱོང་ཕྱོགས་བསྒྲིགས་དང་རྒྱུད་བཞི་ཞིབ་བསྡུར་མ་སོགས་པར་སྐྲུན་གནང་།
ཁོང་ནི་བོད་ཀྱི་གསོ་རིག་དང་བོད་སྨན་གང་ལའང་ཁྱད་ཆོས་མངོན་པར་གསལ་ཞིང་།
ཚན་རྩལ་ཞིབ་འཇུག་ལའང་བོད་སྨན་གྲགས་ཆེན་མུ་ཏིག་བདུན་ཅུ་ཚོང་རར་བཀྲམ་པ་དང་ཚོང་རའི་དགོས་མཁོ་ལྟར་མངོན་གསལ་དོད་པའི་གྲུབ་འབྲས་དང་དཔལ་འབྱོར་ཁེ་ཕན་གང་ལེགས་བྱུང་།
༡༩༨༩ལོར་མུ་ཏིག་༧༠ལ་སི་ཁྲོན་ཀྲུང་ལུགས་ཚན་རྩལ་ཡར་རྒྱས་ཀྱི་དཔང་རྟགས་ཨང་གསུམ་པ་ཐོབ།
ཁོང་གིས་ཚན་རྩལ་ཞིབ་འཇུག་དང་སྨན་བཅོས་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པ་དང་།
ལྷག་པར་དུ་ནད་རིགས་འདྲ་མིན་ངོས་འཛིན་རྟགས་བཅོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ་རེད།
ཁོང་གིས་སྡེབ་སྦྱོར་བྱས་པའི་ཤཱ་སའི་མཆིན་བདེ་རིལ་བུ་ཡིས་མཆིན་ནད་གདུག་པ་ཅན་དག་དང་ཕན་བསྐྱེད་གང་ལེགས་བྱུང་ཞིང་དེ་བཞིན་གློ་གཅོང་སོགས་ཀྱི་གསོ་བཅོས་ལའང་ཕན་འབྲས་བླ་མེད་ཀྱིས་རྒྱལ་ནང་དུ་ཕྱི་བཅོས་དང་ཁོང་ནད་སྨན་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་།
གཞན་བོད་ཀྱི་གསོ་རིག་ཞིང་ཁམས་སུ་ཁོང་ལ་གདེང་འཇོག་དཔེ་མེད་ཀྱི་གུས་བརྩི་ཐོབ་པ་རེད།
རླབས་ཆེན་མཛད་པ་བསྐྱངས།
ཁེ་འདོད་དང་གྲགས་འདོད་ཡོངས་སུ་དོར་སྟེ་ཁོང་གིས་སྔར་ལས་ལྷག་པར་ནན་ཏན་གྱིས་སྨན་བཅོས་ལ་གཞོལ་ཞིང་།
སློབ་ཁྲིད་གནང་བ་དང་མི་སྣ་བསྐྱེད་སྲིང་བྱས།
དགུང་ལོ་བགྲེས་ནའང་བླ་བྲང་དང་།